དབུ་ཤོག
  • རིགས་གཅིག་མཁས་ཅན་གྱིས་གཅིན་སྙི་ཟགས་ཁུའི་ནད་པར་ལུས་སྦྱོང་བྱེད་ཐབས་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-16

    ཀྲུང་ནན་སློབ་ཆེན་གྱི་རྒས་པ་དང་རྒན་རྒོན་གྱི་ནད་གཞི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤང་ཡཱ་སྨན་ཁང་གཉིས་པའི་རྒན་རྒོན་གྱི་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ལིའུ་ཡིའུ་ཧྲུའོ་ཡིས་ངོ་སྤྲོད་བྱས་དོན།

    གཅིན་སྙི་ཟགས་ཁུའི་ནད་པར་དུས་ཐོག་ཏུ་ཁྲག་མངར་བརྟག་དཔྱད་ཚད་ལེན་བྱེད་དགོས།

    བཟའ་བཅའི་ཐད་དུས་ཚོད་དང་ཚད་གཞི་གཏན་འཁེལ་གྱིས་ཞག་ཚིལ་དང་ཚྭ་ཉུང་ཙམ་བླུགས་དགོས།

    གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་བྱེད་པར“བཟའ་བཅའ་དང་ལུས་སྦྱོང་དོ་སྙོམས”ཡོང་བར་དོ་སྣང་བྱེད་དགོས།

    གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་རྒན་རྒོན་ཚོར་ཆ་མཚོན་ན་ལུས་སྦྱོང་རྣམ་གྲངས་སྟབས་བདེ་གདམ་ག་བྱེད་དགོས་པ་སྟེ།

    དཔེར་ན་ཐའེ་ཅི་དྲག་རྩལ་རྩེ་བ་དང་། དལ་བུར་རྒྱུག་པ། རྐང་འཁོར་བཞོན་པ། ཆུ་རྐྱལ་རྒྱག་པ་སོགས་རེད།

    དེ་ལྟར་བྱས་ཚེ་སྙིང་ཁམས་ཁྲག་རྩའི་མ་ལག་གི་ནུས་པ་ཆེ་རུ་སོང་ནས་ཁྲག་ཤེད་དང་ཁྲག་ཚིལ་སྙོམས་པའི་ནུས་པ་ངེས་ཅན་ལྡན་ཡོད།

    གཅིན་སྙི་ཟགས་ཁུའི་ནད་པ་དང་ལྷག་པར་དུ་ནད་པ་རྒན་རྒོན་ཚོར་ཆ་མཚོན་ན་ལུས་སྦྱོང་བྱེད་སྐབས་རིམ་བཞིན་ཤུགས་ཆེར་གཏོང་དགོས།

    ཉིན་ལྟར་ལུས་སྦྱོང་སྐར་མ་30བྱས་ཚེ་འཚམ་པོ་ཡོད་ལ་ལུས་རྩལ་རྩེ་དྲགས་རྒྱུ་མེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།