དབུ་ཤོག>གསར་འགྱུར།
  • ས་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2021-11-12

    1276141_yis_1636646400000_s.jpg

    གཞོན་ནུ་ལོ་ཆུང་གིས་ས་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ལ་སྔར་བས་ཁྲིད་སྟོན་བྱ་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་བསྐྱོད་དེ“ས་ཆུའི་ཐོན་ཁུངས་སྲུང་སྐྱོང”གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་སློབ་གྲྭས་LEDགློག་རྡུལ་བརྙན་ཤེལ་ནས་ས་ཆུ་སྲུང་སྐྱོང་ཡག་པོ་བྱེད་པའི་དྲིལ་བསྒྲགས་སྦྱར་ཡིག་བསྟན་པ་དང་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དེབ་བཀྲམ་པ་མ་ཟད། འཆད་ཁྲིད་གཉེར་བ་དང་ས་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་མིང་རྟགས་འགོད་པའི་བྱེད་སྒོ་སོགས་བྱེད་ཐབས་སྣ་མང་ཐོག་ནས་ས་ཆུ་སྲུང་སྐྱོང་ཡག་པོ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་མ་ཚོས་ས་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་དྲིལ་བསྒྲགས་སྦྱར་ཡིག་ཐོག་རང་ཉིད་ཀྱི་མིང་འབྲི་བཞིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།