དབུ་ཤོག
  • ལྷ་སར་འགྲོ་ལུགས་གཉེར་སྐབས་ཐེངས་གཅིག་ལས་འགྲོ་དགོས་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-11-12

    微信图片_20211112103543.jpg

    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2021ལོའི་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་བཏང་ནས་དམངས་ཕན་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། མིག་སྔར་ཐོ་འགོད་མཁན་མི་ཁྲི(དུད་ཚང)38.8ལྷག་ཙམ་བྱུང་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་རིམ་པའི“འགྲོ་ལུགས་གཉེར་བར་མང་ཤོས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པའི”བྱ་བ་465དང་དྲ་ཐོག་ནས་བྱ་བ་300སྒྲུབ་ཐུབ་ཀྱི་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལས་སྟེགས་བརྒྱུད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཕྱོགས་གཅིག་ནས་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་བྱེད་ནུས་ལེགས་སུ་བཏང་བས། གཉེར་མཁན་མང་པོ་ཡོད་པའི་དོན་ཚན་དྲ་ཐོག་ནས་རྦད་དེ་གཉེར་ཐུབ་པ་དང་། རང་སྐྱོང་ལྗོངས་ཀྱི“སྤྱོད་མཁན་ལྟེ་གནས”ལས་སྟེགས་དང་འབྲེལ་ཐུབ་པ། ཁེ་ལས་ཀྱི་ཐོ་འགོད་དང་། གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན། ས་ཆ་གཞན་དུ་ལས་ཞུགས་བྱས་པའི་ཐོ་འགོད་སོགས“ཐེངས་གཅིག་ལ་གཉེར་ཐུབ་པའི”ཞབས་ཞུའི་རྣམ་གྲངས་57དྲ་ཐོག་ནས་གཉེར་ཐུབ་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ལྷ་ས་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ལ་བརྟེན་ནས། ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དེ་ཚན་པ་བདུན་གྱི་མ་ལག་བརྒྱད་དང་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་དང“དྲ་མང”ནས“དྲ་གཅིག”ལ་ཟླ་སྒྲིལ་བཏང་ཞིང་། ད་ཆ་གྲོང་ཁྱེར་རིམ་པའི་ཚན་པ་9ཡིས་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ལས་སྟེགས་སྤྱོད་ཀྱི་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་གཞི་རིམ་དུ་ཁྱབ་པར་བྱས་པ་དང་། “གྲོང་གསེབ་ཀུན་ཁྱབ”ཀྱི་དྲ་ཐོག་ཞབས་འདེགས་ཁྱབ་རྒྱ་ཆེ་རུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(གྲོང་ལྷན)བཅས་ཚང་མར་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།