དབུ་ཤོག>གསར་འགྱུར།
  • ལོ་ངོ་སྟོང་གི་གནའ་གྲོང་ནས་དུས་རབས་གསར་པའི་ཉམས་བཟང་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-12

    ལོ་ལྔ་ཡི་རིང་། ས་སྐྱ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གཞིས་རྩེ་གྲོང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཧྲང་ཧའེ་གྲོང་ཁྱེར་ཞུས་ཧུད་ཆུས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ལ་བརྟེན་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་ལས་ཀའི་བྱེད་སྟངས་ལ་བརྩིས་ཁར་འགག་སྒྲོལ་དཀའ་སེལ་དང་། འབད་འབུངས་སྟོབས་བརྩོན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཞིང་བྱ་གཞག་ཁག་ལ་འཕེལ་རྒྱས་ཤུགས་ཆེན་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    འཕེལ་རྒྱས་ཀྱི་སྤུས་ཕན་གཉིས་ཀ་གོང་མཐོར་སོང་བ།

    2020ལོར། ས་སྐྱ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་15.06ཟིན་ནས་ལོར་ཆ་སྙོམས་འཕར་ཚད་9.27%དང་། གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11366 ལོར་ཆ་སྙོམས་འཕར་ཚད་8.8%བཅས་ཟིན་ནས། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་དེ་2019ལོར་སྒོར་དུང་ཕྱུར་1གི་འགག་སྒོ་ཆེ་མོ་ནས་ཐེངས་དང་པོ་བརྒལ་བ་རེད།

    རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ། མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་ས་སྐྱའི་བྱང་ཆོས་སྡེར་བསྐྱོད་སའི་ཡུལ་སྐོར་རྐང་ཐང་ལམ་དང་། ས་སྐྱའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ། དགེ་སྡིངས་དམངས་སྲོལ་གླིང་། གནའ་གྲོང་ཡུལ་སྐོར་མཚོན་རྟགས་བྱང་བུ་སོགས་ཡུལ་སྐོར་གྱི་རྨང་གཞིའི་རྣམ་གྲངས་ཁག་གཅིག་བསྐྲུན་ནས་གནའ་གྲོང་ས་སྐྱའི་ཡུལ་སྐོར་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད་ལ། གནའ་གྲོང་ལྟེ་བའི་ཁུལ་འཆར་འགོད་འཛུགས་སྐྲུན་དང་དུད་ཚང་116གི་གནས་སྤོའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ས་སྐྱའི་གནའ་བོའི་ཆུ་རྫིང་ཆུ་འདྲེན་མ་ལག་འཛམ་གླིང་གི་ཆུ་འདྲེན་འདུ་འགོད་ཤུལ་བཞག་གི་འོས་སྒུག་མིང་ཐོའི་ནང་བཅུག་པ་དང་། 《ཤར་སྤགས་གོང》རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། “བྱང་དཀར་ཐག་འཁྱུད”ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ནང་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་པ་རེད། ལོ་5ཡི་རིང་། ཡུལ་སྐོར་བ་མི་ཐེངས་ཁྲི་52.08ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.1བྱུང་ཡོད།

    རྫོང་དེས་ནས་ཐོན་འཕར་གྱི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལག་ལེན་བསྟར་ཏེ་ཚན་རིག་དང་མཐུན་པའི་ཞིང་ནང་གཡོག་བྱེད་དང་སོན་བཟང་འདེབས་འཛུགས་ལ་ཤུགས་སྣོན་གཏིང་ཟབ་བརྒྱབ་པས། ལྗང་མདོག་ནས་ཀྱི་སྤུས་ཚད་མཐོ་བའི་དཔེ་སྟོན་ལག་རྩལ་ཁྱབ་ཚད་93%དང་ནས་ཀྱི་ཐོན་འབབ་རྒྱ་མ་ཁྲི་6546ཟིན་ནས་ནས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། ད་དུང་རྫོང་དེས“ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་མཉམ་ལས་ཁང་གི་གཞི་ཁྱོན་སྟོབས་ཆེར་བཏང་བ་དང་། ནོར་ལུག་མཉམ་ལས་ཁང་70དང་བོད་བྱའི་མཉམ་ལས་ཁང་23ལ་སྒོར་ཁྲི་739.45བགོ་འགྲེམས་བརྒྱབ་པ་དང་མི་8720ལ་ལས་ཞུགས་སྣེ་ཁྲིད་ཐུབ་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་བཞིན་འགྱུར་ལྡོག་བྱུང་བ།

    ལོ་5ཡི་རིང་། ས་སྐྱ་རྫོང་གིས་རྨང་གཞི་བརྟན་དུ་དང་རྣམ་གྲངས་ལ་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་སོང་བ། ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭར་གློག་དྲ་སྦྲེལ་ནས་གློག་གཏོང་བ་དང་ཞིང་ཆུ་འདྲེན་ཁུལ་དུ་ཆུ་གཏོང་ཐུབ་ནས་ཞིང་ནང་དུ་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་4.9མང་དུ་ཕྱིན་པ་དང་། རྫོང་གྲོང་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ནས་ལས་གཉེར་ཐུབ་སྟེ་གྲོང་གསེབ་ཏུ་འཐུང་ཆུ་གཙང་མ་འཐུང་མཁན་མི་འབོར་ཁྱབ་ཚད་100%དང་། གློག་ཤུགས་མི་འབོར་ཁྱབ་ཚད་100% ཤང་དང་གྲོང་རྡལ་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་100% སྲིད་འཛིན་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་89% གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་647.28བཅས་ཟིན་ནས་སྲིད་འཛིན་གྲོང་ཚོའི་འཕྲིན་གཏོང་བརྡ་རྟགས་དང་། དྲ་སྦྲེལ་དྲ་རྒྱ། ཞིང་འབྲོག་དུད་ཚང་ལ་རླུང་འཕྲིན་དང་བརྙན་འཕྲིན་བཅས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་པ། གྲོང་གསེབ་ཀྱི་གློག་དྲ་དང་དྲ་རྒྱའི་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ་དང་། དགེ་སྡིངས་གྲོང་རྡལ་དང་ས་སྐྱ་གྲོང་རྡལ་གྱི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་སྤྱིར་ན་ལེགས་གྲུབ་ཟིན་པ། དུད་ཚང་1533གྱི་གསང་སྤྱོད་སྒྱུར་བཅོས་བྱས་པ་བཅས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་རིམ་བཞིན་མཛེས་ཤིང་བཀྲག་མདངས་ལྡན་པར་གྱུར་ལ། ཤང་དང་གྲོང་རྡལ་11ཚད་ལྡན་ཅན་འཛུགས་སྐྲུན་དང་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་108ཚད་ལྡན་འཛུགས་སྐྲུན་བྱ་རྒྱུ་ཁྱོན་ཡོངས་ནས་ལེགས་གྲུབ་ཀྱང་བྱུང་ཡོད།

    ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་བ། ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ནས་མཁའ་རླུང་གི་སྤུས་ཚད་ལེགས་ཚད་དང་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད། གཞི་རྩའི་ཞིང་ནང་ས་རྒྱུའི་ཁོར་ཡུག་ཚད་གཞི་ལོན་ཚད་བཅས་ཚང་མ་100%རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་མི་ཐབས་ཀྱི་ནགས་བཟོ་མུའུ་ཁྲི་1.59དང་། བྱེ་འགོག་བྱེ་བཅོས་མུའུ་ཁྲི་1.8བྱས་ཡོད། གྲོང་ཚོ་33སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྲོང་ཚོར་འདུན་ཞུ་བྱས་པ། སྐྱེ་ཁམས་ལས་གནས་ཀྱི་ལས་དོན་པའི་ནུས་པ་དང་ཕན་འབྲས་འདོན་ཆེད་སྐྱེ་ཁམས་ལས་གནས་ཀྱི་ཐོབ་ཆ་སྒོར་དུང་ཕྱུར་1.72སྤྲད་དེ་མང་ཚོགས་ལ“སྐྱེ་ཁམས་སྲུང་བའི་ཡོང་སྒོ”རག་ཐུབ་པ་བྱས་ཡོད།

    བདེ་སྐྱིད་སྟོན་གྲངས་ཉིན་རེ་ལས་མ་འདས་པར་ཇེ་མཐོར་སོང་བ།

    ལོ་5ཡི་རིང་། ས་སྐྱ་རྫོང་གིས་དམངས་སེམས་གཅིག་ཏུ་བསྒྲིལ་བ་དང་དམངས་ཀྱི་སེམས་ཁྲལ་བསལ་བས་དམངས་འཚོའི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་པ། རྫོང་དེས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། “གནད་སྨིན་དྲུག”མཐའ་འཁྱོངས་བྱེད་པ། “གཅིག་རེ་ལྔ”སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་8.91སྤྱི་འདོམས་ངང་བསྡུ་སྒྲིལ་བྱས་ནས་དུད་ཚང་3579ཡི་མི་གྲངས་13531དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་107དབུལ་པོའི་གནས་ལས་གྲོལ་ནས་རྫོང་ཡོངས་ཀྱི་དབུལ་ཞྭ་འབུད་ཐུབ་ཡོད། དབུལ་སྐྱོར་ཐོན་ལས་རྣམ་གྲངས་22ཀྱིས་མི་394ལ་ལས་ཞུགས་སྣེ་ཁྲིད་བྱས་པ་དང་མི་10704ལ་སྒོར་ཁྲི་1060.5བགོ་འགྲེམས་བྱས་ཡོད། དབུལ་སྒྲོལ་མང་ཚོགས་མི་རེར་ཆ་སྙོམས་སྒོར་9900ལྷག་བྱུང་སྟེ་དབུལ་སྒྲོལ་འགག་སྒྲོལ་ཡོངས་བཤེར་བྱེད་སྐབས་མང་ཚོགས་བློ་ཡིད་ཚིམས་ཚད་100%ཟིན་ཏེ། ལོ་ངོ་སྟོང་ཕྲག་རིང་གི་ཤིན་ཏུ་དབུལ་བའི་གནས་ལས་ཡོངས་སུ་གྲོལ་ཐུབ་ཡོད།

    ལས་ཞུགས་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པར་བརྟེན། རྫོང་དེས་ལས་ཞུགས་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཐབས་ལམ་མང་པོར་བརྟེན་ཏེ་ལས་ཞུགས་རྒྱ་ཆེར་གཏོང་བར་ལྕག་སྐུལ་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་ལ་མི་3241ལས་ཞུགས་འཕར་མ་བྱུང་ཡོད། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཚད་མི་ཐེངས་ཁྲི་17ཟིན་ནས་ཡོང་འབབ་སྒོར་དུང་ཕྱུར་6.97བྱུང་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་འགོ་འཛུགས་མ་དངུལ་སྒོར་ཁྲི་147.65ཟིན་པ་དང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་བྱུང་བ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་མ་དངུལ་གཏོང་ཆ་འགན་ལེན་དང་འགྲོ་གྲོན་དོན་འཁྱོལ་བྱས་ཏེ། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་སྲ་བརྟན་དང་མཐོར་གཏོང་བྱས་ནས། “100%བྱས་པ་ལྔའི”དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པས། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་སློབ་ཞུགས་བྱེད་ཚད་100%དང་སློབ་ཞུགས་གོང་གི་བུ་བཅོལ་ཁང་ལ་ཞུགས་ཚད་78.79%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།