དབུ་ཤོག>གསར་འགྱུར།
  • ཁྲོན་པ་གཅིག་ལས་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་བ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-11-12

    “ཁྲོན་པ་གསར་པ་འདིས་ང་ཚོ་ཆུ་འཐུང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་སོང་། ང་ཚོར་དྭངས་གཙང་དང་། བློ་བདེ། བདེ་འཇཌ་བཅས་ཀྱི་ཆུ་འཐུང་རྒྱུ་བྱུང་བས། བཅིངས་འགྲོལ་དམག་མིར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་འོ་མ་དེང་དགེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྕཌ་ཐར་གྱིས་བརྩེ་བ་ཟབ་མོའི་ངང་ཡན་ལག་དམག་ཁུལ་ཁང་གི་དམག་མིའི་ལག་ནས་འཇུ་བཞིན་དེ་ལྟར་བརྗོད་པ་དང་། སྐད་ཆ་དེ་ལས་ཐུཌ་རྗེ་ཆེ་ཞུ་སེམས་མཚོན་ཞིང་། ཉེ་ཆར། ནག་ཆུ་ཡན་ལག་དམག་ཁུལ་ཁང་གིས་སྣེ་ཁྲིད་དེ་མ་དངུལ་ཞལ་འདེབས་བརྒྱབ་ནས་བསྐྲུན་པའི་གཅེས་སེམས་ཁྲོན་པ་ཞིབ་བཤེར་རྩིས་ལེན་བྱེད་བཞིན་ཡོད་པ་དང་སྦྲགས། སྤྱོད་འགོ་ཚུགས་པ་རེད།

    འོ་མ་དེང་དགེ་གྲོང་ཚོ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། བོད་བྱང་ཐང་གི་དཔེ་མཚོན་གྱི་སྐྱས་སྤོས་གྲོང་ཚོ་ཞིག་རེད། གྲོང་ཚོ་དེ་ཡོངས་ལ་གཏིང་ཚད་སྨི་5ལས་མ་ཟིན་པའི་ཁྲོན་པ་གཅིག་ལས་མེད་པའི་ཁར། གྲོང་ཚོ་དེ་ཡོངས་ཀྱི་འབྲོག་པའི་སྡོད་གནས་ཅུང་ཁ་ཐོར་ཡིན་པས། གྲོང་མི་རྒྱུན་དུ་ཆུ་ལེན་པར་སྟབས་བདེ་མེད་པ་དང་། ལྷག་པར་དུ་ཁྲོན་པ་དང་བར་ཐག་རིང་བའི་འབྲོག་དུད་ལ་གནམ་གཤིས་ཞན་པ་སོགས་ཀྱི་གནས་ཚུལ་འཕྲད་སྐབས། ནོར་ལུག་དང་མཉམ་དུ་རྒྱུག་ཆུ་གཅིག་གི་ཆུ་འཐུང་རྒྱུ་ལས་མ་འདས་པས་གཙང་སྦྲ་འཕྲོད་བསྟེན་འགན་ལེན་ཐུབ་ཀྱི་མེད་པ་རེད།

    འདི་ལོའི་ཟླ་8པར། ནག་ཆུ་ཡན་ལག་དམག་ཁུལ་ཁང་གིས་གྲོང་ཚོ་དེའི་དཀའ་ངལ་ཤེས་རྗེས། འོ་མ་དེང་དགེ་གྲོང་ཚོར་རོགས་རམ་བྱས་ནས་བཅའ་སྡོད་བྱ་ཡུལ་གྱི་འབྲོག་པ་རྣམས་ལ་སྟབས་བདེ་ལ་བློ་བདེའི་ཆུ་འཐུང་རྒྱུ་ཡོད་པ་བྱ་རྒྱུའི་ཐག་བཅད་པ་རེད། འདི་ལོའི་དགུན་ཁའི་གོང་གྲོང་ཚོ་དེའི་འབྲོག་པ་ཚོའི་འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱ་ཆེད། ཡན་ལག་དམག་ཁུལ་ཁང་གིས་འཕྲལ་དུ་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ཁྲོན་པ་འདྲུ་མཁན་ཀུང་སི་དང་འབྲེལ་བ་བྱས་ནས་སྔ་རྗེས་སུ་མི་སྣ་ཐེངས་4སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དེར་རྟོག་ཞིབ་བྱེད་པར་བསྐྱོད་ནས། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་40དང་འབྲོག་པ་180ཡི་སྡོད་སའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་རེད། དེ་དང་ཆབས་ཅིག གྲོང་ཚོ་དེ་ཡོངས་ཆུ་ལེན་ས་སྟབས་བདེ་ཤོས་ཀྱི་ས་ཆར་ཞིབ་འཇུག་རྩད་ཞིབ་བྱས་ནས་ཞིབ་ཕྲའི་གྲངས་གཞི་བསྡུ་རུབ་ཡག་པོ་བྱེད་པ་དང་། ཆུ་ཁུངས་ཡག་ཤོས་རྩད་ཞིབ་བྱེད་པ། ས་མཐོའི་འཁྱགས་སའི་ཁྲོན་པའི་ཁྱད་ཆོས་ལ་གཞིགས་པ། ས་གནས་དེ་གའི་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱེད་པ་དང་སྦྲགས། ས་གནས་གློག་ཤུགས་ཀུང་སི་དང་མཐུན་སྦྱོར་བྱས་ནས་ཨར་ལས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱེད་པ། ཐུན་མོང་ཐོག་ཨར་ལས་ཇུས་གཞི་བཟོ་བ་བཅས་བྱས་པ་རེད།

    ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་དུས་ཡུན་ཟླ་བ་གཉིས་སོང་རྗེས། ཚངས་ཐིག་ལི་སྨི་30དང་གཏིང་ཚད་སྨི་60ཟིན་པའི་ཆུ་འཐེན་ཁྲོན་པ་བདེ་བླག་ངང་དྲུས་པ་དང་ཆབས་ཅིག ཁྲོན་པའི་མཐའ་འཁོར་དུ་སོ་ཕག་ཁང་པ་ཞིག་ཀྱང་བརྒྱབ་པ་རེད། དེ་དང་དུས་མཚུངས་དེ་སྔའི་ཁྲོན་པ་རྙིང་པར་བཟོ་བཅོས་བརྟན་གཏོང་དང་ཆུ་འགོར་དུག་སེལ་བྱས་པས། ཁྲོན་པར་འཁྱགས་པ་མི་ཐེབས་པའི་འགན་ལེན་ཐུབ་ཡོད་པ་རེད།

    “ཆུ་དེ་དངོས་གནས་ཞིམ་པོ་འདུག བཅིངས་འགྲོལ་དམག་མིར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཁྲོན་པའི་ཆུ་དང་པོ་འཐུང་བ་དང་ཁྲོན་པ་འདྲུ་བར་ལྟ་བར་ཡོང་མཁན་འབྲོག་པ་གཡང་མོས་མཐེ་བོང་སྒྲེང་བཞིན་དེ་ལྟར་བརྗོད། ཁོ་མོས“ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་ང་ཚོར་ཁྲོན་པ་དྲུས་པ་མ་ཟད། ད་དུང་ཉེ་དུས་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་ཡོང་ནས་འབྲོག་པར་ནད་ལྟ་བ་དང་སྨན་སྤྲད་སོང་། དེ་སྔ་ཆུ་ཁུངས་བཙོག་པའི་ཆུ་བཏུངས་ནས་ཕོ་བའི་ནད་ཕོག་པ་དག་ཀྱང་སྨན་བཅོས་ཐུབ་སོང”ཞེས་བརྗོད་པ་རེད།

    ཁྲོན་པ་གཅིག་ལས་དམག་དཔུང་དང་ས་གནས་གཉིས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཤིང་། གཅེས་སེམས་ཁྲོན་པ་དེར་དཔོན་དམག་དང་བཅའ་སྡོད་བྱ་ཡུལ་འབྲོག་པའི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་འདུས་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།