དབུ་ཤོག>གསར་འགྱུར།
  • མངའ་རིས་ས་ཁུལ་གྱིས་གཞི་རིམ་དུ་སྐོར་སྐྱོད་བྱས་ནས་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-12

     ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། སྤྱི་དམངས་ཀྱི་ཡོམ་འགོག་གེགས་སེལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱིས་2021ལོའི“གཞི་རིམ་དུ་སྐོར་སྐྱོད་བྱས་ནས་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཞི་རིམ་དུ་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཟླ་བ་གཅིག་ལྷག་ཙམ་སྤེལ་རྒྱུ་ཡིན་ཞིང་། མངའ་རིས་ས་ཁུལ་གྱི་རྫོང་ཁག་དང་། ཤང་དང་གྲོང་རྡལ། གྲོང་ཚོ་གྲོང་ལྷན་སོགས་གཙོ་གནད་ཁྱབ་ཁོངས་སུ་བསྐྱོད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གེགས་འགོག་གེགས་སེལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱ་རྒྱུ་རེད། དེ་དང་དུས་མཚུངས་ས་ཡོམ་གྱི་གཞི་རྩའི་རྒྱུན་ཤེས་དང་། གཞི་ཆེན་གྱི་སྔ་ལྟས་ལྟ་ཞིབ། ཡོམ་འགོག་དང་འགོག་སྲུང་། ས་ཡོམ་གྱི་འཕྲལ་སྡོམ་ཉེན་ཡོལ། ས་ཡོམ་གྱི་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་སོགས་ཀྱི་ནང་དོན་ལ་བརྟེན་ནས་སློབ་གྲྭ་དང་། སྨན་ཁང་། རིག་དངོས་གལ་ཆེན་སྲུང་སྐྱོང་ཚན་པ་བཅས་ཀྱི་ས་ཡོམ་འགོག་ཟོན་དང་འཕྲལ་སྡོམ་ཁ་གཏད་གཅོག་པའི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།