དབུ་ཤོག>གསར་འགྱུར།
  • སྙན་རོང་རྫོང་གིས“ཞབས་འདེགས་ཁག་བདུན”ལེགས་སུ་བཏང་ནས་ཤེས་དཔལ་གྱི་སྲོལ་གསར་བརྒྱུད་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-11-12

     ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “123+7”གྱི་ལས་ཀའི་བྱེད་ཐབས་འཚོལ་ཞིབ་དང“ཞབས་འདེགས་ཁག་བདུན”ཚད་བརྒལ་དུ་བྱས་ཏེ་ཤེས་དཔལ་གྱི་སྲོལ་གསར་བརྒྱུད་སྤྲོད་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྙན་རོང་རྫོང་གིས“འབྲོག་ཁུལ་ཚད་ཤིང”གི་བླང་བྱ་ནན་པོར་བརྟེན་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་གཞི་རིམ་གྱི་འདུ་ཤེས་འཛིན་སྟངས་སྲ་བརྟན་དང་སྣུར་སྲིང་བྱེད་པའི་འཐབ་ས་གལ་ཆེན་ལ་བརྩིས་ནས་དམ་འཛིན་དང་། “ཡོད་པ་དྲུག”གི་འཛུགས་སྐྱོང་ཚད་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ། “བརྒྱུད་སྤྲོད་བདུན་དང་སྐུལ་འདེད་གཅིག”གི་ལག་ལེན་ནང་དོན་ལ་དམིགས་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)153དང་དང་བླངས་ཞབས་ཞུའི་རུ་ཁག་371བཙུགས་ཤིང་། དང་བླངས་པ་2516བསྡུས་ནས། ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཟམ་མི་ཆད་པར་གཞི་རིམ་དུ་ཏན་ཏིག་སྤེལ་བ་དང་འབྲེལ་སྟོབས་ཆེར་བཏང་བ་རེད།

    མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་གཏོང་ཆེད། རྫོང་དེས“ཞབས་འདེགས་ཁག་བདུན”སྤྱད་དེ“མང་ཚོགས་གང་དུ་ཡོད་ཚེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གང་དུ་ཁྱབ་པར”བྱས་ཡོད། མངགས་ཐོའི་ཞབས་འདེགས་གསར་གཏོད་བྱས་ནས་ཐོ་འགོད་རྩིས་ཁྲ་དང་དོ་དམ་བྱེད་ཐབས་བཟོས་ཏེ་རང་འགུལ་ངང་མང་ཚོགས་ལ་གནད་སྨིན་ཞབས་འདེགས་ཞུས་ཡོད། སྒྲོག་འགྲེལ་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས“3+N”ཡི་སྒྲོག་འགྲེལ་རྣམ་པ་བཟོས་ཏེ་གཅིག་སྡུད་སྒྲོག་འགྲེལ་དང་། དྲིལ་བསྒྲགས་ཐུང་ངུ་། སྒྲ་དུང་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཤེས་དཔལ་ཞབས་ཞུར་དམ་འཛིན་བྱས་ནས“ཤེས་དཔལ་ཆེན་པོ་ལྔ”འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ཏེ། ཤེས་དཔལ་ལ་ཁྲིད་སྟོན་དང་། ཤེས་དཔལ་འགྲིམ་འགྲུལ། ཤེས་དཔལ་གསོལ་ལྕོག་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། རིག་གནས་ཞབས་འདེགས་ལས་དོན་ཡག་པོ་བསྒྲུབས་ནས“རིག་རྩལ་གཤམ་སྤེལ”དང“རིག་གནས་དུད་ཚང་ཁྲི་སྟོང་དུ་ཁྱབ་གདལ་གཏོང་བ”སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་གཞི་རྟེན་དུ་བྱས་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། དོ་དམ་ཞབས་འདེགས་ལེགས་སུ་བཏང་ནས་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)+Nཡི་ལས་ཀའི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་གྱི་དམངས་གཙོའི་རང་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། འཐབ་སའི་ཞབས་འདེགས་འཐུས་སྒོ་ཚང་དུ་བཏང་ནས་རྫོང་ཁྲིད་སྦྱོང་ཁང་དང་། རྫོང་སློབ་འབྲིང་ཚན་རྩལ་ཁང་། རྫོང་ཤིན་ཧྭ་དཔེ་ཚོང་ཁང་སོགས་ཡག་པོ་སྤྱད་དེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། དང་བླངས་ཞབས་འདེགས་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་རིགས་སྡེ་ཚན་གྱི་ལེགས་ཆར་གཞི་ཚུགས་པ། ཐེམ་ཁུངས་སྙན་རོང་ནས་ཡིན་པའི་སློབ་ཆེན་འགྲིམ་བཞིན་པའི་སློབ་མར་བརྟེན་པ། ཆེད་དོན་དང་བླངས་རུ་ཁག་འཛུགས་པ་བཅས་བྱས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།