2021ལོའི་ཟླ་1ཚེས་19ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བརྒྱད་པའི་དཔེ་སྟོན་ཚན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་མིང་ཐོ་དེར་ཚུད་དེ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་རེད། གནས་ཚུལ་དེ་ཐོས་རྗེས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཚད་མེད་ཐེབས་ཤིང་། ཚང་མས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ལག་གདང་དཔུང་སྦྲེལ་དང་མཐུན་སྒྲིལ་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་མཉམ་དུ་སྐྲུན་གྱི་ཡིན་ཞེས་བཤད་པ་རེད།
རྒྱང་སྐྱོད་གསར་པའི་ཕྱོགས་སུ་སྐྱོད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། འདི་ལོ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། “བརྟན་པོ་འཛུགས་དགོས་པ་གསུམ”དམ་འཛིན་བྱ་གཞིར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་རྣམ་པར་བཞད་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།
ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
2021ལོའི་ཟླ་6ཚེས་16ནས་18ཉིན་བར། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས”པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་སྤེལ་རེས་ཚོགས་འདུ་ལྷོ་རོང་རྫོང་དུ་འཚོགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་ཆེ་རུ་བཏང་བ་རེད།
གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཁྲིད་སྟོན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུཌ་གཏོད་ལས་ཀའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཕྱོགས་ཁག་གི་སྟོབས་ཤུགས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་ཀར་ཞུགས་རྒྱུར་སྐུལ་སློང་བྱས་པ་མ་ཟད། མི་རྒྱུ་དངོས་གསུམ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛུགས་གཏོད་ལས་ཀར་འགན་སྲུང་ནུས་ལྡན་བྱས་པ་རེད།
བློ་ཁ་གཅིག་མཐུན་གྱིས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་ཐང་ཆེན་གྱི“མཐུན་སྒྲིལ་ལྗོན་ཤིང”གིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེའི་བདེན་དཔང་བྱས་ཡོད། སྨར་ཁམས་རྫོང་འཇང་མི་རིགས་ཤང་དུ་མི་རིགས་ཁག་དབར་མཐུན་སྒྲིལ་འཆམ་མཐུན་དང་ཕན་ཚུན་བརྩི་བཀུར་རོགས་རེས་བྱེད་པའི་མཚན་སྙན་ཉེ་རིང་གང་སར་ཁྱབ་ཡོད། ཆབ་མདོ་གྲོང་ཁྱེར་སློབ་འབྲིང་གི་དགེ་རྒན་ཧྥུང་ཡུས་ཞ་ཡིས་མི་རིགས་ཁག་གི་སློབ་མའི་འཚོ་བ་དང་སློབ་སྦྱོང་ལ་སེམས་ཁུར་བྱས་པ་མ་ཟད། དཀའ་ངལ་ཡོད་པའི་བྱིས་པ་གཉིས་ལ་སློབ་ཡོན་ཐད་རོགས་རམ་བྱས་པ་སོགས་ལོ་མང་རིང་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོར་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་ཐོན་པ་ལས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་ཡོད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དུས་དང་རྣམ་པ་ཀུན་ཏུ་རྣམ་པར་བཞད། འདི་ལོ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སོགས་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི“དགུ་སྤེལ”བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གཙང་གསུམ་ས་གཞི་ཆེན་པོར་ཁྱབ་པ་རེད།
བརྩེ་བ་ཟབ་མོས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
ཕུན་སུམ་ཚོགས་པའི་དམངས་འཚོའི་ཁེ་ཕན་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་དམངས་སེམས་ཀྱི་རྨང་གཞི་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ་ལས་འགན་ཨང་དང་པོར་བརྩིས་ནས། རྩེ་རིམ་ཇུས་འགོད་ནས་འགོ་བཙུགས་ཏེ་ས་གནས་ཀྱི་ཁྱད་ཆོས་སྔོག་འདོན་དང་བཀྲག་མདངས་འཚེར་ས་བཏོད་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བྱུང་ཡོད། ཆབ་མདོ་གྲོང་ཁུལ་ལྟེ་བར་བྱས་ཏེ་ཕྱོགས་མང་པོ་དང་། ཐབས་ལམ་མང་བ། རྒྱུན་རྣམ་ཅན་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང་། “མི་རིགས་མཐུན་སྒྲིལ་གྱི་རིག་གནས་བར་ཁྱམས་+ཡུལ་སྐོར་ལས་རིགས”ཀྱི་བསམ་ཕྱོགས་སུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་དང་ཡུལ་སྐོར་ལས་རིགས་མཉམ་དུ་འཕེལ་རྒྱས་གཏོང་བ། “གྲོང་ཁྱེར་གྱི་ལྟེ་བའི་ཡུག་ཁུལ་+ཤར་རྒྱུད་ཀྱི་རྒྱ་བོད་ཁྱད་ལྡན་ཡུག་ཁུལ་+ནུབ་རྒྱུད་ཀྱི་བོད་བཟོའི་ཁྱད་ལྡན་ཡུག་ཁུལ”བསམ་ཕྱོགས་སུ་བྱས་ནས་ཆབ་མདོའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་པ་རེད།
ད་ཆའི་ཆབ་མདོར་མི་རིགས་ཁག་གི་བུ་ཕྲུག་ཚོས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས། མཐུན་སྒྲིལ་རོགས་རེས་དང་འབད་འབུངས་ཡར་བརྩོན་གྱིས་མེ་ལྟར་འབར་བའི་སྤྲོ་སེམས་ཀྱིས“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི”མཛེས་སྡུག་ལྡན་པའི་རྣམ་པ་ཞིག་བཏོད་ཡོད་པ་རེད།