ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ། དགོངས་པ་རྟོགས་རྒྱུ་རྩ་བར་བཟུང་བ་དང་། བྱ་བ་དངོས་བསྒྲུབ་རྒྱུ་གཙོ་གནད་དུ་བཟུང་བ། རྣམ་པ་གསར་པ་འབྱེད་རྒྱུ་དམིགས་འབེན་དུ་འཛིན་པ་བཅས་བྱས་ནས། དཀའ་གནད་ཐད་ཚད་བརྒལ་དང་། གཙོ་གནད་ཐད་ཤུགས་རྒྱག་པ། བཀྲག་མདངས་འཚེར་སའི་ཐད་སྟོབས་ཤུགས་མངོན་པ་བཅས་བྱས་ཐོག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་པས། སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། དྲིལ་བསྒྲགས་ཀྱི་རྣམ་པ་རིམ་བཞིན་ཟབ་ཏུ་འགྲོ་བ། རང་རྟོགས་ངང་ལག་ལེན་ནུས་ལྡན་བསྟར་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།
ཚུགས་གནས་མཐོ་པོས་སྐུལ་འདེད་བཏང་ནས་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་འཕྱུར་བ།
ཟླ་2ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དམག་སྐྱོད་ཀྱི་བཀའ་རྒྱ་ལྟར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བཀའ་བཏང་གནང་བ་དང་། ཀྲུང་དབྱང་གིས་བཀོད་སྒྲིག་གནང་བ། འཕྱོངས་རྒྱས་ཀྱིས་བྱ་སྤྱོད་སྤེལ་ཡོད་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད། འཕྱོངས་རྒྱས་རྫོང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས“འགོ་ཡག་པོ་ཁྲིད་པ”དང“སྣེ་ཡག་པོ་ཁྲིད་པའི”འགན་འཁྲི་གཉིས་ཏན་ཏིག་འཁུར་བ་དང་སློབ་སྦྱོང་བྱེད་སྟངས་ཐད“ཟུང་འབྲེལ་གསུམ”ལ་དོ་སྣང་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་རང་རྟེན་སློབ་སྦྱོང་དང་། སྤེལ་རེས་བགྲོ་གླེང་དང་ལས་ཡུལ་དངོས་ཀྱི་སློབ་གསོ། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་མི་སྣ་ཡོངས་ཞུགས་པ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམ་པ་དབྱེ་ནས་གཅིག་སྡུད་སློབ་སྦྱོང་བྱས་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དེ་ཚད་ཤིང་བཙུགས་ནས་རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་དཔེ་སྟོན་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱས་པ་རེད།
རྣམ་པ་གསར་གཏོད་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་སྒྲུབ་པར་སྐུལ་འདེད་བཏང་བ།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་ཆེད། འཕྱོངས་རྒྱས་རྫོང་གིས་གསར་གཏོད་བྱེད་སྟངས་དང་བྱ་ཐབས་ལ་སྣང་ཆེན་དང་ཡུལ་བབ་དང་བསྟུན་པ་དང་མི་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་བརྗོད་དོན་མངོན་གསལ་དོད་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། རྣམ་པ་སྣ་ཚོགས་བཅས་ཀྱི་སློབ་སྦྱོང་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་གཞིག་གཏིང་ཟབ་བྱས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་མཐའ་འཁྱོངས་བྱེད་པར་སྐུལ་འདེད་བཏང་ཡོད།
འཕྱོངས་རྒྱས་རྫོང་གིས“རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང+ས་གནས་ས་ཐོག་གི་སློབ་སྦྱོང+བགྲོ་གླེང་མྱོང་ཚོར”གྱི་བྱེད་སྟངས་སྤྱད་དེ་ཆེད་དོན་སློབ་སྦྱོང་གི་བགྲོ་གླེང་བྱས་པ་དང་། རྫོང་ཨུད་ཀྱིས་སློབ་སྦྱོང་གྲུབ་འབྲས་གསལ་ཞུ་དང་། རྒྱུགས་སྤྲོད་སློབ་སྦྱོང་། སློབ་སྦྱོང་སྐོར་ཞིབ་སོགས་ཀྱི་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་བ། ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་གསོ་སྦྱོང་གཉེར་ཏེ་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་དཔེ་ཀློག་གཏིང་ཟབ་དང་སློབ་སྦྱོང་དང་ཞིབ་འཇུག་བྱང་ཆུབ་པ་བྱེད་པར་ཁྲིད་སྟོན་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། དཔེ་ཀློག་འཛིན་གྲྭ ཆེད་དོན་གསོ་སྦྱོང་སོགས་ཐེངས་1000ལྷག་ཙམ་གཉེར་བ་རེད།
འཕྱོངས་རྒྱས་རྫོང་གིས་སློབ་སྦྱོང་བྱེད་སྟངས་དང་སློབ་ཁྲིད་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་། རྫོང་ཡོངས་ཀྱིས་སྐད་འཕྲིན་ཚོགས་པ་དང་། སྤྱི་རྟགས། “སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་APPསོགས་ལས་སྟེགས་སྤྱད་དེ་ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་བཏང་ནས་ཏང་གི་ལོ་རྒྱུས་ཤེས་བྱ་མང་ཚོགས་ཀྱིས་རྟོགས་པར་བྱས་པ་དང་། སྐོར་སྐྱོད་ཏང་ཡོན་དང་ཏང་ཡོན་རྒན་གྲས་སྒྲིག་འཛུགས་ཀྱིས་སློབ་ཚན་ཉན་པ་དང་། རྩོམ་ཡིག་སྦྱོང་བ། རྒྱུགས་གཞི་འབྲི་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་སྦྱོང་བྱས་ཏེ“སྐོར་སྐྱོད་བྱེད་རིང་གི་གཡུལ་ས”དང“མཛུབ་རྩེའི་སློབ་ཁང”བཏོད་པ། “གྲོང་གསེབ་ཀྱི་སྒྲ་དུང་ཆེན་པོ”བེད་སྤྱོད་ཡག་པོ་བྱས་ནས་ཏང་གི་ལོ་རྒྱུས་གཏམ་རྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།
སེམས་ཁུར་བྱེད་སར་ལན་བརྒྱབ་སྟེ་མང་ཚོགས་ཀྱི“དགོས་གཏུགས་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཐག་གཅོད་བྱས་པ།
མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་མཐར་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཐད་དོན་འཁྱོལ་བྱེད་དགོས། འཕྱོངས་རྒྱས་རྫོང་གིས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དཀའ་ངལ་ཆེ་ཤོས་ཀྱི་ཚོགས་སྤྱི་ནས་འགོ་འཛུགས་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ནས་དམ་འཛིན་བྱེད་པ། ཆེས་དོན་དངོས་ཀྱི་ཁེ་ཕན་ནས་འགོ་འཛུགས་པ་བཅས་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ་མང་ཚོགས་ཀྱི“དགོས་གཏུགས་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།
གཞི་རིམ་དུ་བསྐྱོད་ནས་བཅར་འདྲི་དང་བརྟག་ཞིབ་བྱས་ཚེ་གཞི་ནས་གནས་ཚུལ་གསལ་པོར་རྟོགས་པ་དང་གནད་དོན་གནད་ལ་འཁེལ་པོས་བཙལ་འཚོལ་བྱེད་ཐུབ། དབུལ་སྒྲོལ་འགག་སྒྲོལ་དང་། ཤེས་དཔལ་གསར་གཏོད། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་བརྟན་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། འཕྱོངས་རྒྱས་རྫོང་གི་འགོ་ཁྲིད་ཚན་ཁག་གིས་སྔོན་ལ་མིག་དཔེ་བསྟན་ནས་གཞི་རིམ་དང་མང་ཚོགས་ཁྲོད་བརྟག་ཞིབ་དང་བཅར་འདྲི་བྱེད་པར་བསྐྱོད་པ་རེད། དུད་ཚང་2000ཙམ་ལ་བཅར་འདྲི་བྱས་ནས་སྤུས་ཚད་མཐོ་བའི་བརྟག་ཞིབ་སྙན་ཞུ་ཁག་79གྲུབ་པ་དང་། ཆ་སྒྲིག་རོགས་སྐྱོར་དང་འཚམས་འདྲི་དང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་ཐེངས་1410ལྷག་ཙམ་སྤེལ་བ། མང་ཚོགས་ཀྱི་སྨན་བཅོས་དང་། སློབ་ཞུགས། ལས་ཞུགས་སོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ཀྱི་གནད་དོན་འཕྱུགས་མེད་ངང་ཤེས་རྟོགས་བྱས་ནས་རང་འགུལ་ངང་གནད་དོན་ཐོན་སར་བསམ་གཞིག་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པར་བྱས་ཡོད།
འཕྱོངས་རྒྱས་རྫོང་གིས་བདེ་སྡུག་དམངས་ལ་དྲིས་ནས་བྱ་བ་དངོས་སྒྲུབ་པ་དང་། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་མཐའ་འཁྱོངས་བསལ་ཏེ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་འཕྲོ་ལུས་གནད་དོན་ཁག་གཅིག་ཐག་གཅོད་དང་། དམངས་འཚོའི་གཙོ་གནད་ཀྱི་དོན་དངོས་ཁག་གཅིག་ཡག་པོ་སྒྲུབ་པ། དམངས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་འདུ་འགོད་ཁག་གཅིག་ལག་བསྟར། ཀུན་ཕན་དམངས་འཚོའི་རྣམ་གྲངས་ཁག་གཅིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་གསོན་ཉམས་དོད་པའི་ལག་ལེན་ལ་གྱུར་པར་བྱས་ཡོད། དུས་ཐུང་ཟླ་བ་ཁ་ཤས་ནང་ཤང་དང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་གིས་རིམ་རྩིས་བྱས་ན་བྱ་བ་དངོས་ཁག་510ལེགས་སྒྲུབ་བྱས་པར་ཕན་པ་འཐོབ་མཁན་གྱི་མང་ཚོགས་མི་ཐེངས་ཁྲི་2.2ཟིན་ཡོད་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་དང་ཆབས་ཅིག འཕྱོངས་རྒྱས་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་ཐད་སླར་ཡང་ཞུན་བརྡར་དང་། འགན་འཁྲིའི་ཐད་སླར་ཡང་མཐོར་འདེགས། ལྷག་བསམ་རྣམ་དག་ཐད་སླར་ཡང་ཞིབ་དཔྱད་བཅས་ཀྱི་ཁྲོད་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཕྱོངས་རྒྱས་གསར་པ་མགྱོགས་མྱུར་སྐྲུན་པའི་དུས་རབས་ཀྱི་ལེའུ་འབད་འཐབ་ཆེན་པོས་རྩོམ་ངེས་རེད།