དབུ་ཤོག>གསར་འགྱུར།
  • ཐེངས་གཅིག་ལ་ལས་དོན་གཉེར་ཚད་465ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-12

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་2021ལོའི་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་བཏང་ནས་དམངས་ཕན་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་དོན་དྲ་ཐོག་ནས་གཉེར་རྗེས། མིག་སྔར་ཐོ་བཀོད་མཁན་མི་ཁྲི(དུད་ཚང)ཁྲི་38.8ལས་བརྒལ་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་རིམ་པས་ཐེངས་གཅིག་ལ་གཉེར་ཚར་བའི་ལྷ་ས་གྲོང་ཁྱེར་རིམ་པའི་ལས་དོན་465དང་དྲ་ཐོག་ནས་གཉེར་བའི་ལས་དོན་300ཁྱབ་བསྒྲགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་བརྒྱུད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཕྱོགས་གཅིག་ནས་སྲིད་དོན་ཞབས་ཞུའི་ལས་སྟེགས་ནུས་པ་ལེགས་སྒྲིག་ཡག་པོ་བྱས་ཏེ་བྱ་བ་གལ་ཆེ་རིགས་དྲ་ཐོག་ནས་གཉེར་བའི་ཐོག་རང་སྐྱོང་ལྗོངས་ཀྱི“སྤྱོད་མཁན་ལྟེ་གནས”ལས་སྟེགས་དང་སྦྲེལ་མཐུད་བྱས་ཏེ་ཁེ་ལས་ཐོ་འགོད་དང་། སྡོད་ཁང་ཐོ་འགོད། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན། ས་ཆ་གཞན་དུ་ལས་ཞུགས་ཐོ་འགོད་སོགས་ལས་དོན་57དེ་དག“ལས་དོན་གཅིག་ཐེངས་གཅིག་ལ་གཉེར་བའི”བྱེད་ཐབས་ཐོག་ནས་གཉེར་ཡོད། ཕྱོགས་གཞན་ཞིག་ནས་ལྷ་ས་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དེ་ཚན་པ་བདུན་གྱི་མ་ལག་བརྒྱད་དང་སྦྲེལ་མཐུད་བྱས་ཏེ“དྲ་མང”ནས“དྲ་གཅིག”ལ་ཟླ་སྒྲིལ་བཏང་ཞིང་། ད་ཆ་གྲོང་ཁྱེར་རིམ་པའི་ཚན་པ་9ཡིས་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ལས་སྟེགས་སྤྱོད་ཀྱི་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་གཞི་རིམ་དུ་སྣུར་སྲིང་བྱས་པ་དང“གྲོང་གསེབ་ཀུན་ཁྱབ”ཀྱི་དྲ་ཐོག་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོ(གྲོང་ལྷན)བཅས་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།