དབུ་ཤོག>གསར་འགྱུར།
  • ལྷ་སའི་སློབ་མ་ཞིག་ལ“དཔྱིད་མགོའི་མེ་ཏོག་ཆུང་ཆུང”གི་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-11

    ཉེ་ཆར་གསར་འགོད་པས་བོད་ལྗོངས་ཟློས་གར་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་འཚོགས་པའི་2021ལོའི་ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་མགོའི་མེ་ཏོག་ལྷན་འཛོམས་བྱེད་སྒོ་སྐབས་25པར་ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱིས་ལྷ་སའི་སློབ་མ་སྐལ་བཟང་རྒྱལ་མཚན་ལ“དཔྱིད་མགོའི་མེ་ཏོག་ཆུང་ཆུང”ཞེས་པའི་མཚན་སྙན་སྤྲད་པ་དང་། སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་ལོ་ཆུང་བྱིས་པའི་ལྷ་མོ《གནས་མཆོག་ལྷ་ས》དང་ནང་མ་སྟོད་གཞས《འཆམ་མཐུན་གྱི་ཞིང་ཁམས》བརྩམས་ཆོས་གཉིས་ལ“དཔྱིད་མགོའི་མེ་ཏོག་ཆུང་ཆུང་གི་མཉམ་སྡེབ་ལེ་ཚན”གྱི་མཚན་སྙན་སྤྲད་པ་རེད། བོད་ཀྱི་ཟློས་གར་མཁས་ཅན་མཐུན་ཚོགས་ལ“ཕུལ་བྱུང་རྩ་འཛུགས་ཚན་པའི”མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།