དབུ་ཤོག>གསར་འགྱུར།
  • བོད་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་བར་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-11-11

     ཚེས་9ཉིན་རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས“བཟོ་ཚོགས་ཀྱི་ལས་བྱེད་པ་ཁྱིམ་ཚང་ཁྲིར་སྐྱོད། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་བར་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”ཀྱི་ཞབས་ཞུའི་ཟླ་བའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཏང་གིས་ལས་བཟོ་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་བཟོ་ཚོགས་རྩ་འཛུགས་ཀྱི་ནུས་པ་སྔར་བས་བཏོན་ནས་བཟོ་ཚོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་ལས་བཟོ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཆེད་རེད།

    བྱེད་སྒོར་ཞུགས་མཁན་ངལ་རྩོལ་བ་ཚང་མས་དུས་རབས་ཀྱི་རྗེས་སུ་བསྙེགས་ནས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཙུགས་ཏེ་ཤེས་བྱ་གསར་པ་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། ལག་རྩལ་གསར་པ་མཐོ་རུ་གཏོང་བ། འཇོན་ཐང་གསར་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཤེས་བྱའི་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་བར་ཧུར་ཐག་འགྱུར་པར་བྱས་ཏེ། རང་ལྗོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།