དབུ་ཤོག>གསར་འགྱུར།
  • བསམ་ཚུལ་བཟང་པོའི་ཞུན་བརྡར་གྱིས། ཡིད་དུ་འོང་བའི་སེམས་ཁམས་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-11

    ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སློབ་གྲྭའི་མཛེས་དཔྱོད་སློབ་གསོའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་རེད།

    སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པ།

    ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས“སློབ་ཁྲིད་དང་། སྦྱོང་བརྡར། འགྲེམས་སྟོན”བཅས་ལ་དམིགས་ནས་སློབ་གྲྭའི་མཛེས་དཔྱོད་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། “སློབ་ཁྲིད”བྱས་ཏེ་སློབ་མར་སྒྱུ་རྩལ་གྱི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་རྩལ་ནུས་སློབ་ཁྲིད་བྱེད་པ་དང་། “སྦྱོང་བརྡར”བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་སྒོ་ནས་སློབ་ཚན་དང་སློབ་ཚན་ཕྱིར་སྦྱོང་བརྡར་བྱེད་པ། “འགྲེམས་སྟོན”བྱས་ཏེ་སློབ་མ་ཡོངས་སྒྲིག་འཛུགས་བྱས་ནས་སྒྱུ་རྩལ་གྱི་འགྲེམས་སྟོན་བྱེད་སྒོར་ཞུགས་པ་བཅས་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་བཏང་བ་རེད།

    མཛེས་དཔྱོད་སློབ་ཁྲིད་ཀྱི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་སློབ་མའི་དགའ་ཕྱོགས་ལ་དམ་པོར་དམིགས་ཏེ། ཞབས་བྲོ་དང་སྲོལ་རྒྱུན་ལྷ་མོ་སོགས་ཀྱི་རྒྱུན་འཛིན་བ་སློབ་གྲྭར་གདན་དྲངས་ཏེ་སློབ་མར་འབྲེལ་ཡོད་སློབ་ཚན་ཁྲིད་པ་དང་། དགའ་ཕྱོགས་འཛིན་གྲྭའི་ཟུར་ཁྲིད་དགེ་རྒན་ཡང་བྱས་པ་རེད།

    ལྷ་ས་ཅང་སུའུ་སློབ་འབྲིང་གི་རི་མོའི་དགེ་རྒན་མཛེས་དཔྱོད་སློབ་གསོའི་འགན་ཁུར་བ་བློ་བཟང་ཆོས་བསྟན་གྱིས་ངོ་སྤྲོད་བྱས་པར། སློབ་གྲྭར་བཙུགས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་ལྟེ་གནས་ནི། སློབ་གྲྭའི་མཛེས་དཔྱོད་སློབ་གསོའི་རྟེན་གཞི་ཡིན་ཞིང་། དེར་སྨྱན་སྦྱོར་སློབ་ཁང་དང་། རོལ་དབྱངས་གར་ཁང་། ཡིག་གཟུགས་དང་རིས་ཁང་། དཔེ་ཁང་སོགས་བྱེད་སྒོ་སྤེལ་ས་མང་པོ་བཙུགས་ཡོད། “སློབ་གྲྭས་ཀྱང་དུས་བཀག་ལྟར་སློབ་མའི་ཁྲོད་མཛེས་དཔྱོད་སློབ་གསོའི་བྱེད་སྒོ་སྤེལ་ནས་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ་དང་བློ་སྒོ་འབྱེད་ཀྱི་ཡོད། སླད་ཕྱིན་མཛེས་དཔྱོད་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་གི་སློབ་མ་བདེ་ཐང་དང་། འཆམ་མཐུན། ཕྱོགས་ཡོངས་བཅས་ཀྱི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ངེས་རེད”

    སྒྲིག་ཆས་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་དང་མཛེས་དཔྱོད་སློབ་གསོའི་དགེ་རྒན་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།

    སློབ་གྲྭའི་སྒྱུ་རྩལ་སློབ་ཚན་སློབ་ཁྲིད་དང་སློབ་མའི་སློབ་ཕྱིའི་སྒྱུ་རྩལ་ལག་ལེན་བྱེད་སྒོའི་དགོས་མཁོ་སྔར་བས་སྐོང་ཆེད། རང་ལྗོངས་ཀྱིས་འོས་འགན་སློབ་གསོའི་སློབ་གྲྭའི་རོལ་དབྱངས་དང་རི་མོའི་སློབ་ཁང་འཛུགས་སྐྲུན་དང་སྒྲིག་ཆས་ཚད་ལྡན་དུ་གཏོང་བ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་རོལ་དབྱངས་དང་རི་མོའི་སློབ་ཁྲིད་ཡོ་ཆས་བཀོད་སྒྲིག་གི་ཚད་གཞི་ལྟར། དུས་ཐོག་ཏུ་ནུས་མང་སློབ་ཁང་གསར་བཟོ་དང་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་སྒྱུ་རྩལ་སློབ་ཁྲིད་ཡོ་ཆས་ཀྱི་དགོས་མཁོ་བསྐངས་བ་རེད། དེ་དང་ཆབས་ཅིག་མཛེས་དཔྱོད་སློབ་གསོའི་ཡོ་ཆས་ཁ་གསབ་ལམ་སྲོལ་ཟམ་མི་ཆད་པར་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞན་ཆ་སེལ་བ་དང་། རྨང་གཞི་འགན་ལེན། ཚང་མར་ཁྱབ་པ་བཅས་བྱས་པ་རེད།

    འཇོན་ཐང་ལྡན་པའི་མཛེས་དཔྱོད་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ཡང་མཛེས་དཔྱོད་སློབ་གསོའི་ལས་དོན་གྱི་འགག་རྩ་རེད། མཛེས་དཔྱོད་སློབ་གསོའི་དགེ་རྒན་གྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་། སློབ་ཁྲིད་ཀྱི་ཆུ་ཚད། མི་སྐྱོང་འཇོན་ཐང་། ལས་རིགས་ཀུན་སྤྱོད་ཀྱི་ཆུ་ཚད་བཅས་མཐོ་རུ་གཏོང་ཆེད། རང་ལྗོངས་ཀྱིས་གཞི་རིམ་སློབ་གྲྭ་འབྲིང་ཆུང་གི་རོལ་དབྱངས་དང་རི་མོའི་དགེ་རྒན་དང་ལྷག་པར་དུ་གྲོང་གསེབ་ཀྱི་མཛེས་དཔྱོད་སློབ་གསོའི་དགེ་རྒན་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་མ་ཟད། “རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་དང་ས་ཁུལ། རྫོང(ཆུས)སློབ་གྲྭ”བཅས་རིམ་ལྔའི་དགེ་རྒན་གསོ་སྦྱོང་མ་ལག་དང་། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གསོ་སྦྱོང་འཆར་གཞི་དང་གཞུང་གྲོན་བཏང་ནས་གྲོང་གསེབ་དགེ་རྒན་གསོ་སྦྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཏེ་མཛེས་དཔྱོད་སློབ་གསོའི་སློབ་ཁྲིད་དགེ་རྒན་ཕྱོགས་ཡོངས་ནས་གསོ་སྐྱོང་བྱས་པ་རེད།

    མཛེས་དཔྱོད་སློབ་གསོའི་ཁྱད་ལྡན་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུ་རྩལ་རིགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ།

    སློབ་གྲྭའི་སྒྱུ་རྩལ་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། རང་ལྗོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སློབ་གྲྭ་དང་རང་སྐྱོང་ལྗོངས་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་མཛེས་དཔྱོད་སློབ་གསོའི་ཁྱད་ལྡན་སློབ་གྲྭ དེ་བཞིན་དཔེ་སྟོན་རྫོང(ཆུས)འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་སྲོལ་རྒྱུན་སྒྱུ་རྩལ་དང་དེང་རབས་སྒྱུ་རྩལ་ཟུང་འབྲེལ་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་སྒྱུ་རྩལ་སློབ་གསོ་གཉེར་བ་རེད། མིག་སྔའི་བར། རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་བྱང་ཚད་ཚད་ལེན་དཔྱད་ཞིབ་ཚོད་ལྟ་ཁུལ་2(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང)དང་རྒྱལ་ཁབ་རིམ་པའི་གྲོང་གསེབ་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་ཚོད་ལྟའི་རྫོང་2(ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས) རྒྱལ་ཁབ་རིམ་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྒྱུ་རྩལ་གྱི་རྒྱུན་འཛིན་སློབ་གྲྭ་21བཅས་དང་། རང་སྐྱོང་ལྗོངས་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་མཛེས་དཔྱོད་སློབ་གསོའི་ཁྱད་ལྡན་སློབ་གྲྭ་199བསྐྲུན་ཅིང་། འདི་ལོ་རང་སྐྱོང་ལྗོངས་རིམ་པའི་ཁག་གསུམ་པའི་སློབ་གྲྭ་འབྲིང་ཆུང་གི་མཛེས་དཔྱོད་སློབ་གསོའི་ཁྱད་ལྡན་སྐྲུན་བཞིན་ཡོད་ལ། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་གྲྭ་7ལ་སྒྱུ་རྩལ་ཚོགས་པ་བཙུགས་ཡོད།

    སློབ་མའི་མཛེས་དཔྱོད་དང་མི་ཆོས་རིག་གནས་བྱང་ཚད་མཐོ་རུ་གཏོང་ཆེད། རང་ལྗོངས་ཀྱིས་ད་དུང་རྒྱལ་ཡོངས་ཀྱི“སྒྱུ་རྩལ་རྩེ་གྲ་སློབ་གྲྭར་སྤེལ་བའི”བྱེད་སྒོ་གཞི་རྟེན་དུ་བྱས་ནས་སློབ་མ་ཚོས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱོང་རོལ་ཐུབ་པར་བྱས་པ་རེད། 2006ལོ་ནས་བཟུང་སློབ་གསོ་པུའུ་དང་། རིག་གནས་པུའུ། ནོར་སྲིད་པུའུ་བཅས་ཀྱིས“སློབ་དཔོན་ལ་བཀའ་འདྲི་ཞུ་བ་དང་། གསུང་རབ་སློབ་སྦྱོང་། སྤྲོ་སེམས་འཕེལ་བ། བློ་སྦྱོང་མཐོར་གཏོང”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཡོངས་ཀྱི་མཐོ་སློབ་དང་མཉམ་དུ“སྒྱུ་རྩལ་རྩེར་སོན་སློབ་གྲྭར་སྤེལ་བའི”བྱེད་སྒོ་སྤེལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།