དབུ་ཤོག>གསར་འགྱུར།
  • ཀོང་ཏུང་ཤང་ཀང་ཨའོ་མོན་དུ། ཉིང་ཁྲིའི་སྨན་རྩྭ་བྲིན་ཁ་རྒྱུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-10

    “རང་བྱུང་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་དབང་གིས་ཉིང་ཁྲིར་ཁ་ཆེ་ཤ་སྐམ་འདེབས་གསོ་བྱེད་པར་ཧ་ཅང་འཚམ་པ་སྟེ། ས་བབ་མཐོ་བ་དང་། དྲོ་གྲང་ཧེ་བག་ཆེ་བ། ཉི་མ་ཕོག་ཡུན་རིང་བ་བཅས་ཀྱིས་སྐྱེ་དངོས་ཀྱི་འཚར་སྟོབས་ཡག་པོ་རྒྱས་ཐུབ་ཀྱི་ཡོད། ཀོང་ཏུང་གི་བོད་སྐྱོར་རོགས་རམ་འོག་ཉིང་ཁྲིའི་ཁ་ཆེ་ཤ་སྐམ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དང་ཁྲོམ་རར་ཁྱབ་པ་དང་ཨའོ་མོན་དང‘མཉམ་འབྲེལ་ཉོ་ཚོང’མཉམ་ལས་བྱས་ཏེ་ཨའོ་མོན་ལ་ཕྱིར་གཏོང་ཐུབ་རྒྱུ་མ་ཟད། ཡིད་འོང་ཇ་ར་དང་ཀོང་ཏུང་ནགས་ཚལ་ཐོན་ལས་གླིང་དུ་བཅའ་སྡོད་ཧྲེན་ཀྲེན་པོ་ཏུན་ཚོགས་པ་དང་མཉམ་ལས་བྱས་ཏེ་ཐོན་རྫས་མང་པོ་གསར་སྤེལ་བྱས་ནས་ཁ་ཆེ་ཤ་སྐམ་གྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་རེད”ཅེས་ཉིང་ཁྲི་ཐན་དབང་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་པིན་ཞུང་གིས་ངོ་སྤྲོད་བྱས།

    ཟླ་10ཚེས་24ཉིན། གསར་འགོད་པས་ཀོང་ཏུང་གི་བོད་སྐྱོར་སྨན་པ་དང་། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་སྨན་པ་དཀའ་བཅུ་པ་ཅང་ལི་དང་མཉམ་དུ་ཉིང་ཁྲིའི“ཐན་དབང་ཞིང་འབྲོག”ཁ་ཆེ་ཤ་སྐམ་འདེབས་གསོ་རྟེན་གཞིར་བསྐྱོད་དེ་སྒུལ་བདེའི་གསར་འགྱུར་དུད་སྣེ་བརྒྱུད་ཐད་གཏོང་བྱས་པའི་ཉིང་ཁྲིའི་ཁ་ཆེ་ཤ་སྐམ་ཤེས་རྟོགས་བྱས་ཤིང་། ཐད་གཏོང་དེའི་ནང་དོན་ཕུན་སུམ་ཚོགས་པ་དང་བརྙན་ལམ་གསལ་ཞིང་མཛེས་པས་ལྟད་མོ་བས་རང་ས་ནས་ཉིང་ཁྲིའི་ཁ་ཆེ་ཤ་སྐམ་གྱི་སྐྱེ་འཚར་ཁོར་ཡུག་དང་། འཐུ་བའི་བརྒྱུད་རིམ། སྤྱོད་ཐབས། ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་བཅས་ཤེས་རྟོགས་ཐུབ་ཀྱི་ཡོད། དེའི་ནང་ཁ་ཆེ་ཤ་སྐམ་གྱིས་བཟོས་པའི་ཐོན་རྫས་ཀྱིས་ཐད་གཏོང་ཁང་གི་ལྟད་མོ་བའི་ཡིད་དབང་བཀུག་ནས་ལྟད་མོ་བ་མང་པོ་ཞིག་གིས་དེའི་བྲོ་བ་ལྟ་འདོད་ཡོད་ཅེས་བཤད།

    ཁ་ཆེ་ཤ་སྐམ་འདེབས་གསོ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཟུང་འབྲེལ་ཡག་པོ་ཐུབ་ཀྱི་ཡོད། གང་ལགས་ཤེ་ན། ས་གནས་དེ་གར་བཏབ་པའི་མ་རྨོས་ལོ་ཏོག་ནི་ལོ་གཅིག་ལ་ཐེངས་གཅིག་ལས་འདེབས་ཀྱི་མེད། ལོ་གོང་མའི་ཟླ་11པ་ནས་ཕྱི་ལོའི་ཟླ་5པའི་བར་ས་ཞིང་བེད་མེད་དུ་ལུས་པའི་དུས་མཚམས་དེའི་རིང་ཁ་ཆེ་ཤ་སྐམ་འདེབས་གསོ་བྱེད་པའི་དུས་ཚོད་ཤིག་ཡིན་པས། རྟེན་གཞིས་ས་ཆ་བོགས་མར་ལེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཉེ་འཁོར་གྱི་མ་རྨོས་ལོ་ཏོག་གི་ཞིང་ཁ་བེད་སྤྱོད་གང་ལེགས་བྱས་ནས་གྲོང་ཚོར་ས་ཆ་བོགས་མར་བཏང་བའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག་ཐད་གཏོང་བྱེད་རིང་བཅར་འདྲི་བྱ་ཡུལ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་ཞིང་དལ་དུས་ཚོད་སྤྱད་དེ་རྟེན་གཞིར་ལས་ཀ་བྱས་ནས་མི་རེར་ཉིན་རེར་ཡོང་འབབ་སྒོར་200ཡོད་པ་མ་ཟད། ད་དུང་ཁ་ཆེ་ཤ་སྐམ་གྱི་འདེབས་གསོའི་ལག་རྩལ་རིན་མེད་ངང་སློབ་སྦྱོང་ཡང་བྱེད་ཐུབ་པས་སྒོ་རྩར་ལས་ཞུགས་ཐུབ་པ་དང་ཆབས་ཅིག་ཕྱུག་འགྱུར་གྱི་ལམ་བུ་གསར་པ་རྙེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།