དབུ་ཤོག>གསར་འགྱུར།
  • དུས་ཚིཌ་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ལས་ཕྱོད་བརྟན་པོའི་ངང་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-10

    གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩའི་ཞབས་ཞུའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྤེལ་བ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དངུལ་རྩའི་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་པ་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ལས་ཕྱོད་བརྟན་པོའི་ངང་འཕར་ཡོད། ཟླ་དགུ་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5197.54ཟིན་ནས་དུས་མཚུངས་ལས་4.66%འཕར་ཡོད་པ་རེད།

    གླེང་རིན་ཡོད་པ་ཞིག་ནི་ལྗང་མདོག་དངུལ་རྩ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཟླ་དགུ་པའི་ཟླ་མཇུག་ཏུ་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་773.26ཟིན་པའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་འཕར་ཚད་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་ལྡབ་1.38འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།