དབུ་ཤོག
  • ཕྲུ་གུ་གསུམ་པ་བཙའ་བའི་གྲོན་དངུལ་འགན་བཅོལ་ཁོངས་སུ་བཅུག་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-11-09

    ཟླ་11ཚེས་5ཉིན། གསར་འགོད་པར་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་ཕྲུ་གུ་གསུམ་པ་བཙའ་བའི་གྲོན་དངུལ་བུ་བཙའི་འགན་བཅོལ་ཐོབ་ཐང་གི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པ་རེད།

    1.jpg

    བུ་བཙའི་སྲིད་ཇུས་ལེགས་སུ་བཏང་སྟེ། མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་འགན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས། འགན་བཅོལ་ལ་ཞུགས་པའི་བུད་མེད་ལས་བཟོས་ཕྲུ་གུ་གསུམ་པ་བཙའ་བའི་གྲོན་དངུལ་བུ་བཙའི་འགན་བཅོལ་ཐོབ་ཐང་གི་གཏོང་སྤྲོད་ཁྱབ་ཁོངས་སུ་འཇུག་པར་འགན་ལེན་བྱེད་ཆེད།《ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་ཀྱི་བུ་བཙའི་འགན་བཅོལ་ལས་དོན་ལ་རྒྱབ་སྐྱོར་ཡག་པོ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་།

    2.jpg

    གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཕྲུ་གུ་གསུམ་པ་བཙའ་བའི་ཐོབ་ཐང་སྲིད་ཇུས་དང་བླང་བྱའི་བརྡ་ཐོ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་བཏང་སྟེ། རིམ་ཁག་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཚན་པས་གཏན་འབེབས་ལྟར། དུས་ཐོག་དང་གྲངས་ཚང་ངང་བུ་བཙའི་སྨན་བཅོས་གྲོན་དངུལ་དང་བུ་བཙའི་ཁ་གསབ་དངུལ་སྤྲད་ནས་འགན་བཅོལ་ལ་ཞུགས་མཁན་གྱི་བུ་བཙའི་འགན་བཅོལ་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བུ་བཙའི་སྨན་བཅོས་གྲོན་དངུལ་ཐོབ་ཐང་འགན་ལེན་དང་ཕྲུ་གུ་དམར་འབྱར་འགན་བཅོལ་ལ་ཞུགས་པའི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ། རང་འགུལ་ངང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱས་ནས་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཀྱི་ཐོབ་སྣང་དང་འདོད་བློ་ཁེངས་ཚད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།