འདི་ནི་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་བྱ་དགའ་སྤྲོད་ཡུལ་ཡིན་པ།
(དཔྱད་གཞིའི་པར་རིས)
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ཏང་ཨུད་དང་སྲིད་གཞུང་གིས་སྔར་བྱུང་མྱོང་མེད་པའི་ལས་དོན་སྤེལ་ཤུགས་ལ་བརྟེན་ནས《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང《བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་བྱེད་ཐབས་འགའ་ཞིག་སྐོར་གྱི་ལག་བསྟར་བསམ་འཆར》སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་30ལྷག་ཙམ་བཟོས་ཏེ་བཏོན་པ་དང་འབྲེལ“སློབ་གྲྭ་ཆེ་མོ་བའི་ལས་གཏོད་འགོ་ཚུགས་བྱ་སྤྱོད”དང“སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཁྲིད་སྟོན་འཆར་གཞི”ལག་བསྟར་བྱས་ནས་ལས་གཏོད་རོགས་སྐྱོར་ཁྲོད་མཐོ་སློབ་སློབ་ཐོན་སློབ་མར་ལས་གཏོད་འགོ་འཛུགས་མ་དངུལ་དང་། གཉེར་སྐྱོང་བྱ་ཡུལ་གྱི་བོགས་དངུལ་དང་དེ་བཞིན་ཆུ་དང་གློག་གི་འགྲོ་གྲོན་ཁ་གསབ་བཅས་དང་དངུལ་རྩའི་དངུལ་བུན་སོགས་ཀྱི་རྒྱབ་སྐྱོར་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་2000ལྷག་ཙམ་རང་རྟེན་ལས་གཏོད་ནང་ཞུགས་པ་དང་ལས་གཏོད་ཀྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།
ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པའི་བརྗོད་དོན་གཙོ་བོ་ནི“ལས་གཏོད་ལ་བརྟེན་ནས་འབྱུང་འགྱུར་བསུ། ལང་ཚོ་ལ་བརྟེན་ནས་ཉམས་འགྱུར་ངོམ”ཞེས་པ་དེ་ལས་ཁ་དན་ཚིག་གནས་དང་། བློ་གྲོས། རང་སྟོབས། འབད་འབུངས། དཔའ་སྟོབས། གསར་གཏོད་བཅས་ཀྱི་བརྗོད་དོན་གཙོ་བོ་མངོན་ཡོད། འགྲན་བསྡུར་ཆེ་མོའི་ནང་འགྲན་བསྡུར་དང་། སློབ་དཔོན་གྱི་གསོ་སྦྱོང་། རིགས་གཅིག་མཁས་ཅན་དང་ས་གནས་ས་ཐོག་ཏུ་སྤེལ་རེས། ཁེ་ལས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་འདྲི་རྩད་སོགས་ཀྱི་རྣམ་པ་སྤྱད་དེ་ནག་ཆུའི་ལས་གཏོད་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུར་དམིགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་། ལས་གཏོད་ཀྱི་འདུ་ཤེས། ལས་གཏོད་ཀྱི་འཇོན་ཐང་བཅས་ཆེ་རུ་གང་ཐུབ་བཏང་ཐོག་ཕྱོགས་མང་པོའི་ཐད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་རྣམ་གྲངས་དོན་འཁྱོལ་ལ་རྒྱབ་སྐྱོར་བྱས་ཏེ་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་ཆེད་གསར་གཏོད་བྱེད་ཕོད་པ་དང་བྱེད་ཤེས་པའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་འབོར་ཆེན་སྐྱེད་སྲིང་བྱས་ནས་ནག་ཆུའི་ལས་གཏོད་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་རེད།
མིང་ཐོ་འགོད་མཚམས་བཞག་རྗེས་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་མིང་འགོད་ཀྱི་དཔྱད་གཞིར་ཞིབ་དཔྱད་བྱས་ཏེ་རྣམ་གྲངས་30བདམས་ནས་འགྲན་བསྡུར་རིམ་སྤོར་གྱི་གྲས་སུ་བཅུག་པ་དང་མཐའ་བསྡུར་ཁྲོད་བྱ་དགའ་རིམ་པ་དང་པོ་གཅིག་དང་། རིམ་པ་གཉིས་པ་གཉིས། རིམ་པ་གསུམ་པ་གསུམ། སྐུལ་གཏོང་བྱ་དགའ་10བཅས་འདེམས་རྒྱུ་དང་དེའི་ནང་བྱ་དགའི་དངུལ་མཐོ་ཤོས་མི་དམངས་ཤོག་སྒོར་ཁྲི་10སྤྲོད་རྒྱུ་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་པད་ཆོས་ཀྱིས་ཞུས)
མིང་ཐོ་འགོད་སྐབས་ཤེས་དགོས་པ་གཤམ་གསལ།
མིང་ཐོ་འགོད་པའི་དུས་ཚོད། ཟླ་11ཚེས་4ནས་15ཉིན་བར་ཡིན་པ་དང་།
མིང་ཐོ་འགོད་སྟངས།
དྲ་ཐོག་མིང་ཐོ་འགོད་ཡུལ། མྱུར་འཚོལ་བོད་ལྗོངས་ཀྱི་APPཕབ་ལེན་བྱས་ཏེ་མིང་འགོད་ཀྱི་དཔྱད་གཞི་བཙལ་ནས་བྲིས་རྗེས་ཡིག་སྒམ་ nqscyds@163.comཡི་ནང་བསྐུར་ན་འགྲིག
ས་གནས་ས་ཐོག་ཏུ་མིང་ཐོ་འགོད་ཡུལ། ནག་ཆུ་གྲོང་ཁྱེར་མི་སྤྱི་ཅུས་ཟུར་ངོས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཐོག་སོ་གསུམ་པའི་མཐོ་སློབ་གཞུང་དོན་ཁང་དུ་ཡིན་པ།
མིང་ཐོ་འགོད་པའི་ཆ་རྐྱེན། ནག་ཆུ་གྲོང་ཁྱེར་དུ་ལས་གཏོད་བྱེད་པའི་སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། སྐྱེ་ཁུངས་ནག་ཆུ་ནས་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱི་ཕྱི་ཕྱོགས་སུ་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་སྐྱེ་ཁུངས་ནག་ཆུ་ནས་ཡིན་པའི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་གྲྭ་ཆེ་མོ་བ་ཚང་མས་སྐབས་འདིའི་ལས་གཏོད་འགྲན་བསྡུར་ཆེ་མོར་ཞུགས་ཆོག་པ།
མིང་ཐོ་འགོད་པའི་བླང་བྱ། 1.འགྲན་ཞུགས་རྣམ་གྲངས་ཚང་མ་བདེན་པ་བདེན་ཐུབ་དང་། ནུས་ལྡན། ཁྲིམས་མཐུན་བཅས་ཡིན་དགོས་པ་ལས་ཚུལ་མིན་གྱི་ཆ་འཕྲིན་གང་ཡང་ཡོད་མི་རུང་། 2.ཤེས་བྱའི་བདག་དབང་གི་རྩོད་གླེང་མེད་པ་དང་ཕུང་གསུམ་པའི་ཤེས་བྱའི་བདག་དབང་དང་། བདག་དབང་། བེད་སྤྱོད་དབང་། ཐག་གཅོད་དབང་བཅས་ལ་གནོད་འཚེ་མི་གཏོང་བ། 3.ལས་གཏོད་ཁེ་ལས་ཀྱི་གཉེར་སྐྱོང་ཚད་ལྡན་ཡིན་དགོས་པ་དང་ལས་ཞུགས་ཐོབ་ཐང་དང་བཟོ་ཚོང་ཐོ་འགོད་ལག་ཁྱེར་ཡོད་དགོས་ལ་སྤྱི་ཚོགས་ཐོག་ཡིད་ཆེས་དང་སྙན་གྲགས་ལེགས་པ་དང་ཚུལ་མིན་གྱི་གཉེར་སྐྱོང་ཐོ་འགོད་གང་ཡང་མེད་པ། 4.རྣམ་གྲངས་ཀྱི་ཕན་འབྲས་ཐོན་མགྱོགས་པ་དང་། ཚན་རྩལ་འདུས་ཚད་ཆེ་བ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བ། ཁྱབ་གདལ་བྱེད་བདེ་བ། ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པ་བཅས་ཡོད་དགོས། 5.སློབ་གྲྭ་འགྲིམ་མུས་ཀྱི་སློབ་གྲྭ་ཆེ་མོ་བས་རེ་ཞུ་བྱེད་པའི་རྣམ་གྲངས་ཁེ་ལས་སུ་ཐོ་འགོད་བྱས་མེད་པ་དང་ཁེ་ལས་ཀྱིས་ལག་བསྟར་བྱས་མེད་པ་ཡིན་དགོས། 6.ཚོགས་པར་མིང་ཐོ་འགོད་མཁན་མང་ཤོས་ལ་མི་5དང་ཉུང་ཤོས་ལ་མི་2ཡིན་དགོས། 7.འགྲན་བསྡུར་བྱེད་སྒོ་གཞན་དག་ཁྲོད་བྱ་དགའ་ཐོབ་པའི་རྣམ་གྲངས་ཡིན་ཕྱིན་ཐེངས་འདིའི་འགྲན་བསྡུར་ལ་རེ་ཞུ་བྱེད་མི་ཆོག 8.ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དང་གཉིས་པའི་ནང་ཞུགས་མྱོང་བ་མ་ཟད་བྱ་དགའ་ཐོབ་པའི་རྣམ་གྲངས་ཡིན་ཕྱིན་ད་ཐེངས་ཀྱི་འགྲན་བསྡུར་ནང་རེ་ཞུ་བྱས་མི་ཆོག 9.བཅའ་ཁྲིམས་ཀྱིས་ཁས་ལེན་པའི་ཁྱབ་ཁོངས་ནང་ད་ཐེངས་ཀྱི་འགྲན་བསྡུར་གྱི་མཐའ་མའི་འགྲེལ་བཤད་རྒྱག་དབང་གཙོ་གཉེར་མཁན་དང་སྒྲུབ་འགན་འཁུར་མཁན་ཕྱོགས་ལ་ཡོད་པ་བཅས་རེད།
མིང་ཐོ་འགོད་པའི་དཔྱད་གཞི།
1.《ལས་གཏོད་འགྲན་བསྡུར་ཆེ་མོའི་ཁེ་ལས(ཚོགས་པ)དང་མི་སྒེར་གྱི་མིང་འགོད་རེའུ་མིག》གློག་རྡུལ་པར་གཞི་གཅིག་དགོས་པ་དང་།
2.རྣམ་གྲངས་ཀྱི་ཚོང་ལས་འཆར་འགོད་ཡི་གེའི་གློག་རྡུལ་པར་གཞི་གཅིག(རྣམ་པ་གང་རུང་ ཡིན་ཆོག་པ)དགོས་པ།
ཟུར་མཆན། མིང་ཐོ་འགོད་པའི་དཔྱད་གཞིའི་ཤོག་ངོས་པར་གཞི་གཅིག(དེའི་ནང《མིང་འགོད་རེའུ་མིག》དང《ཚོང་ལས་འཆར་གཞིའི་ཡི་གེ》ཚུད་པ)ཁྱེར་ནས་འབྱོར་ཐོ་འགོད་སྐབས་སྒྲིག་འཛུགས་ཨུ་ལྷན་ལ་སྤྲོད་དགོས།
བློ་འདྲིའི་ཁ་པར། 0896-3822075 18689000558(སྐུ་ཞབས་ཞུས་ལགས)