དབུ་ཤོག>གསར་འགྱུར།
  • “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཧོང་ཕུའུ་གཙང་འགྲམ་དུ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-09

    2021ལོའི་ཟླ་11ཚེས་4ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཧྲང་ཧའེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད།

    རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཧུར་ཐག་ཞུས་པ་དང་ས་ཁོངས་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་མཐུད་མཚམས་རྒྱ་ཆེར་ཧུར་ཐག་བཏང་ནས། ལྗོངས་ནང་ཁུལ་གྱི་ཁེ་ལས་དང་སྨན་བཅོས་སྒྲིག་གཞི་10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ནང་འདྲེན་ཉོ་སྒྲུབ་སོགས་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་བ་དང་འབྲེལ“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྤྱི་འདོམས་སུ་བྱས་ཏེ་རང་ལྗོངས་ཀྱི་ཁྱད་ལྡན་གྲགས་ཅན་ཐོན་རྫས་དང་དེ་བཞིན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མང་པོ་ཞིག་བསྡུ་སྒྲིལ་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཁུལ་དུ་ཐོག་མར་ཞུགས་ཏེ་རིག་གནས་ཀྱི་ནང་དོན་སྤུས་རྟགས་དང་སྣུར་སྲིང་ཐོན་རྫས་སྔར་བས་ཁྱབ་གདལ་བཏང་བ་རེད།

    ཀྲུང་གོའི་ནུབ་རྒྱུད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ས་ཁོངས་གལ་ཆེན་དང“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན”ཡིན་པའི“བོད་ཀྱི་གཞི་རྒྱུ”ནི་སྔར་ནས་བཟུང་རྒྱལ་ཁབ་ཁག་གི་འགྲེམས་ཚོགས་ཀྱི་ཚ་རླབས་མི་ཆག་པའི་བཀྲག་མདངས་འཚེར་ས་ཞིག་རེད།

    ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཁུལ་N4རྟགས་ཅན་དུ་གནས་པའི་བོད་ཀྱི་སའི་གོ་ལའི་སྣེ་གསུམ་པའི་འགྲེམས་ཁང་གི་ཕྱི་དབྱིབས་ནི་བཀྲ་ཤིས་པའི་ལག་རྟགས་སྒམ་ཆུང་དང་འདྲ་པོ་ཡོད། “བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་འཛམ་གླིང་ལ“སའི་གོ་ལའི་སྣེ་གསུམ་པའི”བཀྲ་ཤིས་ཕྱག་རྟགས་ཕུལ་བ་མཚོན་གྱི་ཡོད།

    བོད་ཀྱི་འགྲེམས་ཁང་དེ་སྤུས་རྟགས་ལྟེ་བའི་ཁུལ་དང་། རིག་གནས་ཉམས་ལེན་ཁུལ། ཐོན་རྫས་འགྲེམས་ཚོང་ཁུལ་བཅས་ཁག་གསུམ་ལ་ཕྱེ་ཡོད་པ་དང་། འགྲེམས་ཁང་དབུས་ཀྱི་བསྡུར་ཚད་གཅིག་མཚུངས་ཀྱི་ལྷ་ལྡན་གཙུག་ལག་ཁང་གི་ལྡེབས་རིས《གཙུག་ལག་ཁང་གི་རྟེན་འབྲེལ་རི་མོ》ལས་ལོ་ངོ་སྟོང་རིང་རྒྱུན་འཛིན་བྱས་པའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་གནས་གསོན་ཉམས་དོད་པོས་མཚོན་ཡོད་པ་རེད། ས་གནས་ས་ཐོག་ཏུ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མང་པོ་འདུ་འཛོམས་བྱས་པ་དང་འགུལ་མེད་སྒྱུ་རྩལ་ཟུང་འབྲེལ་གྱི་འགྲེམས་འཁྲབ་རྣམ་པ་བརྒྱུད། ཐང་ག་དང་ཤེལ་གྲོང་འབྲོང་རྩེད་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམས་སྟོན་བྱས་ནས་ལྟད་མོ་བ་ཚོས་ཕུན་སུམ་ཚོགས་པོ་དང་གཏིང་ཟབ་པའི་བོད་ཀྱི་རིག་གནས་མྱོང་རོལ་ཐུབ་ཡོད།

    བོད་སྤོས་དང་། སྦྲང་རྩི། རྒུན་འབྲུམ་ཨ་རག་སོགས་ལྟ་བས་མི་ངོམ་པའི་གྲགས་ཅན་དང་ཁྱད་ལྡན་ཐོན་རྫས་ཀྱིས་ཚོང་པའི་ཡིད་དབང་རབ་ཏུ་བཀུག་ཡོད། “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱིས་བོད་ཀྱི་ལེགས་འདེམས་ཚད་གཞིའི་ལས་སྟེགས་ཐོག་མ་དེ་བསྐྲུན་པ་དང་ལས་སྟེགས་དེས་ལྗོངས་ནང་ཁུལ་གྱི་སྤུས་ལེགས་དང་ཁྱད་ལྡན་ཐོན་ལས་བསྡུ་སྒྲིལ་དང་། ཐོན་ལས་ཀྱི་ཚད་གཞི་བསྐྱར་བཟོ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ལ་གཞོལ་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བོད་ནས་ཕྱིར་ཐོན་ཐུབ་པ་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཕྱི་ཕྱོགས་ཚོང་དོན་ཁྲུའི་ཁྲུའུ་ཀྲང་བདེ་སྒྲོན་གྱིས། བོད་ཀྱི་ཉོ་ཚོང་ཚོགས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནང་འདྲེན་ཉོ་སྒྲུབ་ངོ་འཕྲད་གྲོས་མོལ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་བྱས་ནས་རང་ལྗོངས་ཀྱི་དངོས་ཟོག་དང་ཞབས་ཞུའི་ཉོ་ཚོང་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དང་ཆབས་ཅིག་གོ་ལ་ཧྲིལ་པོར་བོད་ཀྱི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་དེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་དགའ་འོས་པའི་གྲུབ་འབྲས་ངོམ་སྟོན་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།