དབུ་ཤོག
  • ཁྱིམ་བདག་ཚོས་ཤེས་འདོད་པའི་གནད་དོན་ཚང་མ་འདིར་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-06

    ལོ་3ནས་11བར་གྱི་ཕྲུ་གུར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་བརྡ་ཐོ་བཏང་བ་དང་སྦྲགས་ཁྱིམ་བདག་ཚོས་དེའི་ཐད་འདྲི་བ་མང་པོ་བཏོན་འདུག སྤྱིར་ན་ཉིན་ལྟར་ཁྱིམ་བདག་གིས་བྱིས་པའི་ཚན་ཁག་གི་སྨན་པར་ཏོག་གསར་རིམས་འགོག་སྨན་ཁབ་སྐོར་སྐད་ཆ་འདྲི་གི་ཡོད། དེ་རིང་ང་ཚོས་ཁྱིམ་བདག་ཚོས་ཤེས་འདོད་པའི་གནད་དོན་འགའ་ཞིག་ལ་ལན་འདེབས་རྒྱུ་གཤམ་གསལ།

    1.ཕྲུ་གུར་ཡ་མའི་ནད(སྣ་བའི་གཉན་ཚད)ཡོད་ཚེ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    ཕྲུ་གུར་མ་འཕྲོད་པའི་རང་བཞིན་གྱི་ཡ་མའི་ནད(སྣ་བའི་གཉན་ཚད)ཡོད་རིགས་ནད་རྟགས་ཡོད་མེད་གང་ཞིག་ཡིན་རུང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པར་ཤུགས་རྐྱེན་ཐེབས་ཀྱི་མེད།
    2.ཉེ་ཆར་ཕྲུ་གུ་ན་ནས་ཚ་བ་རྒྱག་པ་དང་གློ་རྒྱག་གི་ཡོད་ཚེ་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    ནད་གཞིའི་དོས་དྲག་དུས་སུ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་མེད་པ་དང་ནད་གཞི་དྲག་སྐྱེད་བྱུང་ནས་གཟའ་འཁོར་གཅིག་སོང་རྗེས་རིམས་འགོག་སྨན་ཁབ་རྒྱག་ཆོག
    3.ཕྲུ་གུར་ཆམ་པ་བརྒྱབ་ནས་དྲག་ཉེར་ཡོད་ཀྱང་ད་དུང་མུ་མཐུད་སྨན་ཟ་གི་ཡོད་ཚེ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    རིམས་འགོག་སྨན་ཁབ་ལམ་སེང་རྒྱག་རྒྱུ་མེད། ཡག་ཤོས་བྱུང་ན་སྨན་གཏོང་མཚམས་བཞག་ནས་གཟའ་འཁོར་གཅིག་སོང་རྗེས་རིམས་འགོག་སྨན་ཁབ་རྒྱག་དགོས།
    5.ཕྲུ་གུར་དབུགས་འཚངས་ནད་ཡོད་ཚེ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    དབུགས་འཚངས་ནད་ཡོད་པའི་བྱིས་པའི་ནད་ཞི་ལྷོད་དུ་སོང་སྐབས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་པ་དང་། པུ་ཏི་ནའེ་ཏེ་རླངས་རྔུབ་བཅོས་ཐབས་སྤྱད་དེ་སྨན་བཅོས་བྱེད་རིང་ཡང་རིམས་འགོག་སྨན་ཁབ་རྒྱག་ཆོག འོན་ཀྱང་དབུགས་འཚངས་ནད་ཀྱི་དོས་དྲག་སྐབས་སུ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་མེད།
    6.ཕྲུ་གུར་ཆུ་ཐོར་ཡོད་ན་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    རིམས་འགོག་སྨན་ཁབ་རྒྱག་ཆོག འོན་ཀྱང་རིམས་འགོག་སྨན་ཁབ་ཆུ་ཐོར་མེད་སར་རྒྱག་དགོས།
    7.ཕྲུ་གུར་སྒོ་ང་འཕྲོད་ཀྱི་མེད་ཚེ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    སྒོ་ང་མ་འཕྲོད་པའི་ཕྲུ་གུར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག
    8.སྔོན་ཁབ་གཞན་བརྒྱབ་མ་ཐག་པའི་ཕྲུ་གུས་ལམ་སེང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
    སྔོན་ཁབ་གཞན་བརྒྱབ་ནས་ཉིན་14འམ་དེ་ཡན་སོང་རྗེས་རྒྱག་ཆོག
    9.ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་མི་འཕྲོད་པ་གང་ཡོད་དམ།
    ཕྲུ་གུར་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་མི་འཕྲོད་པའི་རིགས་ལ་གཙོ་བོ་ཚ་བ་རྒྱག་པ་དང་སྨན་ཁབ་རྒྱག་སར་ན་ཟུག་གཏོང་གི་ཡོད།
    10.ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཚ་བ་རྒྱབ་ན་ཇི་ལྟར་བྱེད་དགོས་སམ།
    སྤྱིར་ན་སྐྱོན་མེད། གལ་ཏེ་གཟུགས་པོའི་དྲོད་ཚད་ཧ་ཅང་མཐོ་བའམ་ཡང་ན་ཕྲུ་གུར་མི་བདེ་བ་ཡོད་ཚེ་ཚ་བ་གཅོག་པའི་སྨན་མེ་ལིན་སོགས་བཏང་ནས་ཚ་བ་གཅོག་ཐབས་བྱས་ན་འགྲིག
    11.ཕྲུ་གུར་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་བཟའ་བཏུང་ལ་དོ་སྣང་བྱེད་དགོས་པ་གང་ཡོད།
    རྒྱུན་གཏན་ལྟར་བཟས་ན་འགྲིག གལ་ཏེ་མི་འཕྲོད་པའི་བཟའ་བཅའ་ཡོད་ཚེ་དེ་ཟ་རྒྱུ་མེད།
    12.ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཕྲུ་གུའི་གཟུགས་པོ་འཁྲུད་ན་འགྲིག་གམ།
    རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཆུ་ཚོད་24ཡི་ནང་ཚུན་དུ་ཕྲུ་གུའི་གཟུགས་པོ་འཁྲུད་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།