འདི་ནི་ཟླ་11ཚེས་2ཉིན་ཀུན་བཟང་སྒྲོལ་མ(གཡས)སྨན་ཁང་ནས་མ་ཐོན་གོང་སྨན་གཡོག་དཔོན་མཱ་ཧན་ཤང་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ།
འདི་ནི་ཟླ་11ཚེས་2ཉིན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་བཞི་སྨན་ཁང་ནས་མ་ཐོན་གོང་སྨན་དོན་མི་སྣ་སོགས་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ།
ཟླ་11ཚེས་2ཉིན། ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོར་སྨན་རིན་མི་དགོས་པར་གཤགས་བཅོས་བྱས་ནས་དྲག་སྐྱེད་བྱུང་བའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་བཞི་སྨན་ཁང་ནས་དོན་ཏེ་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཨན་ཧུའེ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷན་སྐྱེས་སྙིང་ནད་གྲལ་བཤེར་དང་སྐྱོབ་བཅོས་ཀྱི་སྨན་བཅོས་སྒྲིག་གཞི་ཡིན་པའི་ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་སྔ་རྗེས་སུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་35ལ་སྨན་བཅོས་བྱས་པ་རེད།