འདི་ནི་ནས་ཀྱི་ཐོན་རྫས་ཕྱིར་ཚོང་ཁུལ་དུ་ལས་དོན་མི་སྣས་ལྟ་སྐོར་དུ་ཡོང་མཁན་སྐུ་མགྲོན་ལ་ནས་ཀྱི་ཐོན་རྫས་འགྲེམས་ཚོང་བྱེད་བཞིན་པ།
འདི་ནི“འཛམ་གླིང་ནས་ཀྱི་ཕ་ཡུལ”ཞེས་པའི་ནས་ཀྱི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ནས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ནང་དུ་ནས་ཀྱི་འབྱུང་ཁུངས་དང་། ནས་ཀྱི་ཕ་ཡུལ། ནས་ཀྱི་སོན་རྒྱུད། ནས་ཀྱི་ཕུགས་བསམ། ནས་ཀྱི་ལས་འབྲེལ་བཅས་ཁུལ་5བཀོད་སྒྲིག་བྱས་ཡོད་ཅིང་། དེས་ནས་ཀྱི་འབྱུང་ཁུངས་དང་། ཁྱབ་སྤེལ། འཕེལ་རྒྱས། འབྱུང་འགྱུར་བཅས་ཕྱོགས་ཡོངས་ནས་བསྟན་ཏེ། ནས་ཀྱི་རིག་གནས་ཁྱབ་སྤེལ་དང་། ནས་ཀྱི་ཤེས་དཔལ་རྒྱུན་འཛིན། ནས་ཀྱི་ཤེས་བྱ་ཁྱབ་གདལ་བཅས་བཏང་ཡོད། དེ་དང་ཆབས་ཅིག་རྟེན་རྫས་བཤམས་མཛོད་ཁང་དུ་ནས་ཀྱི་ཐོན་རྫས་བཟོ་རིམ་ཉམས་ལེན་ཁུལ་དང་། ནས་ཀྱི་ཐོན་རྫས་ཕྱིར་ཚོང་ཁུལ། སྣེ་ལེན་ཁང་དང་རིག་དངོས་མཛོད་ཁང་སོགས་ཞོར་གཏོགས་སྒྲིག་བཀོད་ཇུས་འགོད་བྱས་ཡོད་པས་རིག་གནས་ཁྱབ་སྤེལ་དང་། ཐོན་རྫས་འགྲེམས་སྟོན། སྤུས་རྟགས་ཁྱབ་གདལ་སོགས་ཀྱི་བྱེད་ནུས་མང་པོ་ལྡན་ཡོད།