ཉེ་ཆར། སྐབས་བདུན་པའི“ཡིད་དབང་འཕྲོག་པའི་ལྷ་སའི”པར་རྒྱག་འགྲན་བསྡུར་ཆེ་མོ་དང“ལྷ་སའི་ལག་ཤེས་མཁས་པའི”ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ནང་བརྩམས་ཆོས་ལ་བྱ་དགའ་ཐོབ་པ་དག་ཁྲུང་ཆིང་དང་ཁྲེང་ཏུར་འགྲེམས་སྟོན་བྱས་ཏེ་ལྷ་སའི་ཡིད་དབང་འཕྲོག་ཤུགས་སྔར་བས་དྲིལ་བསྒྲགས་དང་ལྷ་སའི་ཡུལ་སྐོར་ཐོན་ཟོག་གི་ཁྲོམ་རའི་ཤུགས་རྐྱེན་དེ་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། འདི་ནི་བྱ་དགའ་སྤྲོད་ཡུལ་ཡིན་པ།