དབུ་ཤོག>གསར་འགྱུར།
  • མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-10-29

    1232584_yis_1635436800000_s.jpg

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རིན་འཇལ་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་གློག་རྡུལ་དཔང་འཛིན་ལ་ཤེས་རྟོགས་ཐུབ་ཚད་དང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་གིས་དྲིལ་བསྒྲགས་སྒྲོམ་སྟེགས་དང་། གློག་རྡུལ་འཆར་ཤེལ། སྐད་འཕྲིན་སོགས་ལས་སྟེགས་མང་པོ་བརྒྱུད་དྲིལ་བསྒྲགས་བྱེད་པ་དང་དང་བླངས་པ་དུད་ཚང་དུ་བསྐྱོད་དེ་འགྲེལ་བཤད་རྒྱག་པ་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རིན་འཇལ་སྲིད་ཇུས་དང་དྲ་བའི་རིན་འཇལ་བརྒྱུད་རིམ་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་ཧུར་ཐག་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་རིན་འཇལ་ལས་དོན་ལ་སྟབས་བདེ་བསྐྲུན་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་དང་བླངས་པས་རྒན་རྒོན་ལ་ལག་ཐོགས་ཁ་པར་ཐོག་ནས་རིན་འཇལ་བྱེད་སྟངས་སློབ་བཞིན་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།