མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་སྔར་བས་ཟབ་ཏུ་བཏང་ནས། གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱེད་པ་དང་། གནས་བཙུགས་ནས་དྲིལ་བསྒྲགས་ས་ཚིགས་བཙུཌ་པ་དང་། དཔྱད་གཞིའི་ཡིག་ཆ་སྤྲོད་པ། འགྲེམས་པང་འཛུགས་པ། བློ་འདྲི་དང་འགྲེལ་བཤད་རྒྱག་པ་སོགས་བྱེད་སྟངས་བརྒྱུད། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་། མི་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ཁྲོད་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་ཕུལ་བྱུང་བྱས་རྗེས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་གྱི་གསར་གཏོད་གྲུབ་འབྲས་སྔར་བས་སྲ་བརྟན་དང་མཐོར་གཏོང་བྱེད་པ་བཅས་བྱས་ནས། ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་སླར་ཡང་རེ་ཞུ་བྱ་ཆེད་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་པོ་བཏོད་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། དྲིལ་བསྒྲགས་དཔྱད་ཡིག་3000དང་སྒོར་ཁྲི་1ཙམ་རི་བའི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་སྦྱར་ཡིག་བྲིས་པའི་ཉི་གདུགས་དང་། པེ་ཙི། རས་ཀྱི་ལྟོ་ཕད། པང་རས་སོགས་དྲིལ་བསྒྲགས་དངོས་པོ་སྤྲད་པ་རེད། དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཁྱེར་སླར་ཡང་གཏོད་པའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་བྱས་ཡོད།
བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་དབར་གྱི་སྤེལ་རེས་སྔར་བས་ཟབ་ཏུ་ཕྱིན་ཏེ་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ནས། མི་རིགས་ཁག་དབར་གྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་ཐེབས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས། སྲ་ཞིང་བརྟན་པའི་རྨང་གཞི་ཞིག་བཏིང་བ་རེད།