དབུ་ཤོག>གསར་འགྱུར།
  • དགྲ་འདུལ་གྱིས་སྒྲ་སྙན་དཀྲོལ་བཞིན་བདེ་སྐྱིད་གླུ་དབྱངས་བླངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-23

    1209046_yis_1634918400000_s.jpg

    འདི་ནི་གསལ་འགྲེལ་པས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ནང་དོན་གསལ་འགྲེལ་བྱེད་བཞིན་པ། 

    1209203_yis_1634918400000_s.jpg

    འདི་ནི་བོད་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་སྟེགས་ཡིན་པ། 

    1209036_yis_1634918400000_s.jpg

    འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་བོད་ཡིག་ཡིག་གཟུགས་སྟོན་བཞིན་པ། 

    1209038_yis_1634918400000_s.jpg

    འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་སྤོས་བཟོ་བཞིན་པ། 

    1209042_yis_1634918400000_s.jpg

    འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་སྒྲ་སྙན་དཀྲོལ་གཏོང་བྱེད་བཞིན་པ། 

    1209048_yis_1634918400000_s.jpg

    འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་བོད་ཡིག་ཡིག་གཟུགས་འབྲི་བཞིན་པ། 

    1209040_yis_1634918400000_s.jpg

    འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཐང་ག་བཞེངས་བཞིན་པ། 

    2021ལོའི་ཟླ་10ཚེས་20ཉིན་གྱི་ཕྱི་དྲོ། ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོའི་ཕྱི་ནང་དུ་མི་ཚོགས་ཀྱིས་ཁེངས། ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་རིང་འགྲེམས་སྟོན་གྱི་གསོན་ཉམས་དོད་པའི་རྣམ་པ་རེ་རེ་ལས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོའི་ཡིད་དབང་འཕྲོག

    མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁུལ་དུ་ལུས་ལ་གཟབ་མཆོར་སྤྲས་ཤིང་ལག་ཏུ་སྒྲ་སྙན་འཁྱེར་བའི་བོད་རིགས་ཕོ་གསར་ཞིག་གིས་མི་ཚོར་བག་ཆགས་གཏིང་ཟབ་བཞག

    ཕོ་གསར་དེའི་བཞིན་ལས་འཛུམ་མདངས་འཕྱུར་བཞིན་དུ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པ་དང་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་པོས་རང་ཉིད་ངོ་སྤྲོད་བྱས། “ང་ལ་ཉི་མ་དགྲ་འདུལ་ཟེར་གྱི་ཡོད། ཁྱེད་ཚོས་དགྲ་འདུལ་ཞེས་འབོད་ན་འགྲིག ང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནས་ཡིན། གཤམ་ལ་ངས་ཁྱེད་རྣམ་པར་ལྷ་རྩེའི་དམངས་གཞས་ཤིག་ལེན་རྒྱུ་ཡིན་པས་ཁྱེད་ཚོས་མཉེས་པོ་གནང་རྒྱུའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས་ཚར་མ་ཐག་ཁོང་གིས་སྤྲོ་སྣང་དོད་པོས་སྒྲ་སྙན་དཀྲོལ་གཏོང་བྱས།

    “ང་རང་དེ་གོང‘ཨེ་ཤེ་ཡའི་དགའ་ནེའུ་དུས་ཆེན’ནང་ཞུགས་མྱོང་བ་མ་ཟད། ད་དུང་པེ་ཅིང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལའང་ཞུགས་མྱོང”ཞེས་འཁྲབ་སྟོན་གྱི་ཉམས་མྱོང་སྐོར་གླེང་སྐབས་ཉི་མ་དགྲ་འདུལ་གྱི་ངོ་གདོང་ལས་གདེང་ཚོད་ཆེ་བའི་འཛུམ་མདངས་འཕྱུར། “2012ལོར་ང་རང་ལྷ་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ཞུགས་པ་ཡིན། ད་ཆ་འཁྲབ་སྟོན་པ་རྒན་གྲས་ཤིག་ཡིན་ཞེས་བཤད་ཆོག་པ་དང་ལོ་ལྟར་ངེད་ཚོ་འཁྲབ་སྟོན་ལ་གདན་དྲངས་མཁན་མང་པོ་ཡོད་པས། ཉམས་མྱོང་དེ་དག་ལས་ངའི་འཚོ་བ་དོན་སྙིང་ལྡན་ལ་སྤྲོ་སྣང་གིས་ཁེངས་སོང”ཞེས་བཤད།

    ཉི་མ་དགྲ་འདུལ་གྱིས། ཧུར་བརྩོན་ཆེ་བ་ནི་ཁོང་གིས་འཚོ་བར་འཛིན་པའི་རྣམ་འགྱུར་དང་བློ་བག་ཡངས་པོ་ནི་ཁོང་གི་བདེ་སྐྱིད་ཀྱི་འབྱུང་རྩ་ཞིག་ཡིན་ཞེས་བཤད། ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོའི་ཕྱི་རོལ་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁུལ་དུ་མི་ཚོཌ་སྟུག་པོའི་ཁྲོད་སྒྲ་སྙན་གྱི་སྒྲ་དང་། དགོད་སྒྲ། ཐལ་མོ་རྡེབ་སྒྲ་བཅས་ཡང་ཡང་གྲཌ། ཁོང་གི་སྒྲ་སྙན་གྱི་སྒྲ་དང་། དགོད་སྒྲ། སྤྲོ་སྣང་། བདེ་སྐྱིད་བཅས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་བརྒྱུད་ཚོམས་ཆེན་སྔོན་པོ་དང་འཛམ་གླིང་ཡོངས་སུ་བསྒྲགས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།