ཚེས་18ཉིན། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་གསར་རིམས་འགོག་སྣོན་ཁབ་རྒྱག་པའི་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཁྲེང་ཀོན་ཆུས་ཀྱི་ཏོག་གསར་རིམས་འགོག་སྣོན་ཁབ་ཟླ་10ཚེས་19ཉིན་ནས་རྒྱག་འགོ་ཚུགས་པ་དང་། སྣོན་ཁབ་གཟེད་མཁན་ཟླ་4ཚེས་30ཉིན་གྱི་གོང་དུ་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་གཟེད་ཟིན་པའི་མི་ཚོགས་ཡིན་པ་རེད།
སྨན་ཁབ་རྒྱག་ཡུལ་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང(དཔལ་སྡིངས་ཡན་ལག་སྨན་ཁང) ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ཀུན་བདེ་གླིང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ནད་འགོག་ནུས་པ་ཆེ་རུ་གཏོང་བ་ཞེས་པ་ནི་རིམས་འགོག་སྨན་ཁབ་གཟེད་རྗེས་དུག་སྲིན་འགོག་རྫས་རིམ་བཞིན་ཡལ་བའི་གནས་ཚུལ་ལ་གཞིགས་ནས་སྨན་ཁབ་གསབ་སྟེ། མིའི་གཟུགས་པོས་ནད་དུག་འགོག་ཤུགས་རྒྱུན་འཁྱོངས་ཡོང་ཆེད་སྨན་ཁབ་གཟེད་པ་ལ་ཟེར། དཔེར་ན། ད་བར་ཏོག་དབྱིབས་ནད་དུག་གི་རིམས་འགོག་སྨན་ཁབ་2གཟེད་རྗེས། མིའི་གཟུགས་པོའི་དུག་སྲིན་འགོག་ཤུགས་སྐྱོ་རུ་སོང་བའི་ཚད་གཞིར་གཞིགས་ནས་སླར་ཡང་སྨན་ཁབ་1བརྒྱབ་པར་བརྗོད།