དབུ་ཤོག
  • གཟིཌ་དང་། ས་ཆ་གཞན་ནས་སྨན་རིན་རྩིས་ཞུའི་བརྒྱུད་རིམ་ཆ་ཚང་འདིར་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-10-16

    ཉེ་ཆར། ས་ཆ་གཞན་ནས་སྨན་ཉོ་བ་དང་། སྨན་ཁང་དུ་སྡོད་པ། སྨན་རིན་རྩིས་རྒྱག་པ་སོགས་ལ་བོད་ཀྱི་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། བོད་ཀྱི་འགན་བཅོལ་ནང་ཞུགས་མཁན་གྱིས་ཁྲེང་ཏུའུ་དང་། ཤིས་ཨན། ཧྲང་ཧའེ་སོགས་སུ་སྨན་བཅོས་འགན་སྲུང་གཱ་ནས་སྨན་ཉོ་བ་དང་སྨན་ཁང་དུ་སྡོད་པའི་འགྲོ་སོང་རྩིས་རྒྱག་ཐུབ་བམ།

    སྨན་རིན་ཐད་ཀར་རྩིས་རྒྱག་པར་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཡིན་དགོས་ལ། རྒྱལ་ཁབ་ལས་སྟེགས་དང་དྲ་སྦྲེལ་བྱས་ཟིན་པ་དགོས། ཟླ་7ཚེས་31ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བོད་དུ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཡོད།

    ལས་སྟེགས་གསར་པ་སྤྱོད་འགོ་ཚུགས་རྗེས། བོད་ཀྱི་དེ་སྔའི་སྨན་བཅོས་འགན་བཅོལ་གཱ་སྤྱོད་མཚམས་བཞག་པ་དང་འགན་བཅོལ་ནང་ཞུགས་མཁན་གྱིས་ལྗོངས་ནང་ཁུལ་དུ་སྨན་བཅོས་བྱེད་པར་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དང་། ཐོབ་ཐང་ལག་ཁྱེར། སྤྱི་ཚོགས་འགན་སྲུང་གཱ་བཅས་སྤྱད་ནས་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་པ་དང་། ལྗོངས་ཕྱིར་སྨན་བཅོས་བྱེད་པར(ས་གནས་དེ་གའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ཁོངས་སུ་གཏོགས་པ་མ་ཟད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་དང་དྲ་སྦྲེལ་བྱས་ཟིན་པ་དགོས)མིག་སྔར་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དང་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད། གཞན་ཡང་། ལྗོངས་ཕྱིའི་འགན་བཅོལ་ནང་ཞུགས་མཁན་གྱིས་ཀྱང་རང་ལྗོངས་སུ་འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད།

    微信图片_20211016102913.jpg

    འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་ཉོ་བཞིན་པ།  

    དྲ་ཐོག་ཐོ་འགོད་སྙན་ཞུ་བྱེད་པར་ལག་ཐོགས་ཁ་པར་ནས་བཀོལ་སྤྱོད་བྱེད་ཐུབ།

    བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་སྐབས་བརྒྱུད་རིམ་གང་དག་བརྒྱུད་དགོས་སམ།

    1.“བོད་ཀྱི་སྨན་བཅོས་འགན་བཅོལ”གྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་ཁ་ཕྱེ་ནས“ཞབས་ཞུ”ཞེས་པ་མནན་ཏེ། “བསྒྲུབ་རྒྱུ”ཞེས་པ་འཚོལ་བ་དང་དེ་རྗེས“ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་སྙན་ཞུ”ཞེས་པ་མནན་ནས་ཐོ་འགོད་སྙན་ཞུའི་གསལ་བརྡ་ཀློག་དགོས།

    微信图片_20211016102957.jpg

    2.ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་སྙན་ཞུའི་ཆ་འཕྲིན་ཐོ་འགོད་ཀྱི་དྲ་ངོས་ཁ་ཕྱེ་རྗེས། སྐོང་དགོས་པའི་ཆ་འཕྲིན་གྱི་ནང་དོན་ལ་སྨན་བཅོས་བྱ་ཡུལ(ཞིང་ཆེན་རིམ་པ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པ། ཞིབ་ཕྲའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་བཅས་ཐོ་འགོད་སྙན་ཞུ་བྱེད་པ)དང་། ས་ཆ་གཞན་དུ་འདུན་ཞུ་བྱེད་པའི་རིགས། ས་ཆ་གཞན་དུ་དྲ་སྦྲེལ་བྱེད་སྟངས། ལྗོངས་ཕྱིའི་གནས་སྡོད་བྱ་ཡུལ། འགོ་ཚུགས་དུས་ཚོད། མཇུག་འགྲིལ་དུས་ཚོད། གསལ་འགྲེལ་དང་དེ་བཞིན་འདུན་ཞུའི་རྒྱུ་མཚན་སོགས་ཁག་མང་པོ་ཡོད།

    3.རང་ངོས་ཀྱི་དོན་དངོས་གནས་ཚུལ་བསྐངས་ནས་མ་ལག་ལ་སྐྱེལ་སྤྲོད་བྱས་རྗེས་ཚུར་ལན་སྤྲོད་ཀྱི་ཡོད་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་ས་ཆ་གཞན་དུ་སྨན་བཅོས་བྱས་ནས་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་ཀྱི་ཡོད།

    སྨན་བཅོས་ཐོ་འགོད་བྱེད་སྟངས།

    གཅིག དྲ་ཐོག་ནས་ཐོ་འགོད་བྱེད་པ།

    གཉིས། ཁ་པར་ནས་ཐོ་འགོད་བྱེད་པ།

    གསུམ། སྐར་ཁུང་ནས་ཐོ་འགོད་བྱེད་པ།

    ས་ཆ་གཞན་དུ་སྨན་བཅོས་བྱེད་པར་ཡིན་གཅིག་ཐོ་འགོད་བྱེད་དགོས། 

    དེ་ལྟར་མ་བྱས་ཚེ་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ལ་སྐྱོན་རྒྱག་སྲིད།

    ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་གཏན་འབེབས་ལྟར་ན། བོད་ཀྱི་འགན་བཅོལ་ནང་ཞུགས་མཁན་གྱིས་ལྗོངས་ཕྱིའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་འགྲོ་སོང་ཐད་ཀར་རྩིས་རྒྱག་པའི་སྨན་ཁང་དུ་སྡོད་པའི་སྨན་རིན་དེ“འགན་བཅོལ་ནང་ཞུགས་སའི་ས་གནས་ཀྱི་སྲིད་ཇུས་དང་སྨན་བཅོས་བྱ་ཡུལ་གྱི་དཀར་ཆག”ནང་གཏན་འབེབས་བྱས་པའི་འགྲོ་སོང་གཏོང་སྤྲོད་ཁྱབ་ཁོངས་དང་དེ་བཞིན་འབྲེལ་ཡོད་གཏན་འབེབས(གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དང་སྨན་བཅོས་ཞབས་ཞུའི་སྒྲིག་བཀོད། ནད་བརྟག་སྨན་བཅོས་རྣམ་གྲངས་ཀྱི་ཁྱབ་ཁོངས་བཅས་ཚུད་པ)ལག་བསྟར་བྱེད་པ་དང་། སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་སྨན་རིན་རྩིས་རྒྱག་གི་ཐོག་མའི་ཚད་གཞི་དང་། གཏོང་སྤྲོད་ཀྱི་བསྡུར་ཚད། གཏོང་སྤྲོད་ཀྱི་ཚད་གཞི་མཐོ་ཤོས་སོགས་ཀྱི་ཐད་བོད་དང་དེ་བཞིན་ཐེམ་ཐོ་གནས་སའི་སྨན་བཅོས་འགན་སྲུང་སྡེ་ཚན་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་ལག་ལེན་བསྟར་གྱི་ཡོད།

    དྲན་སྐུལ།

    བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་མ་བསྐྱོད་གོང་ངེས་པར་དུ་ཐོ་འགོད་ཡག་པོ་བྱེད་དགོས།

    སྨན་ཁང་ནས་དོན་གྲབས་ཡོད་རུང་། ད་དུང་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་མེད་རིགས་ལ་སྨན་རིན་རྩིས་ཞུ་བྱེད་སྐབས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་སྨན་རིན་རྩིས་ཞུའི་བསྡུར་ཚད་10%དམའ་རུ་གཏོང་གི་ཡོད།

    བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྨན་བཅོས་འགན་སྲུང་ཅུས་ཀྱི་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་པའི་ཁ་པར་ཨང་གྲངས།

    རང་སྐྱོང་ལྗོངས། 0891-6609963 6655654

    ལྷ་ས་གྲོང་ཁྱེར། 0891-6569957

    གཞིས་རྩེ་གྲོང་ཁྱེར། 0892-8822407 8822495

    ལྷོ་ཁ་གྲོང་ཁྱེར། 0893-7667762 7667738

    ཉིང་ཁྲི་གྲོང་ཁྱེར། 0894-5816882 5816883

    ཆབ་མདོ་གྲོང་ཁྱེར། 0895-4980183

    ནག་ཆུ་གྲོང་ཁྱེར། 0896-3929727

    མངའ་རིས་ས་ཁུལ། 0897-2901074

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།