དབུ་ཤོག
  • མཐོ་སློབ་སློབ་ཐོན་སློབ་མ་ཚོ། འདིར་བརྡ་ཐོ་གལ་ཆེན་ཞིག་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-10-15

    རྒྱུགས་སྤྲོད་སློབ་མ་རྣམས་ལ་ཞུ་རྒྱུར།

        ད་ལྟ་2021ལོའི་ལྷ་ས་གྲོང་ཁྱེར་གྱི་བྱ་གཞག་ཚན་པར་ཡོངས་བསྒྲགས་ངང་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་ངོ་རྒྱུགས་ཀྱི་འབྲེལ་ཡོད་དོན་གནད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ་ཏེ།

        གཅིག ངོ་རྒྱུགས་གཏོང་བའི་དུས་ཚོད།

    2021ལོའི་ཟླ་10ཚེས་20ཉིན་གྱི་ཆུ་ཚོད་09:30ཡིན།

        གཉིས། ངོ་རྒྱུགས་གཏོང་ས།

        ཀྲུང་གུང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ལམ་སྒོ་རྟགས་ཨང་125)

        གསུམ། ངོ་རྒྱུགས་གཏོང་མཁན།

        ངོ་རྒྱུགས་ཀྱི་མིང་ཐོའི་ནང་ཚུད་པའི་རྒྱུགས་སྤྲོད་སློབ་མ་རྣམས་ཡིན།

        བཞི། ངོ་རྒྱུགས་ཀྱི་སྦྱངས་འབྲས།

        ངོ་རྒྱུགས་ཀྱི་སྐར་གྲངས་བསྡོམས་འབོར་ནི་སྐར་མ་100ཡིན་པ་དང་ངོ་རྒྱུགས་ཀྱི་སྦྱངས་འབྲས་དེ་གར་ཡོངས་བསྒྲགས་བྱ་རྒྱུ།

        ལྔ། སྤྱིའི་སྦྱངས་འབྲས་རྩིས་རྒྱག་སྟངས།

        རྒྱུགས་སྤྲོད་སློབ་མའི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་དང་ངོ་རྒྱུགས་ཀྱི་སྦྱངས་འབྲས་སོ་སོས་སྤྱིའི་སྐར་གྲངས་ཀྱི་50%བཟུང་ཡོད། རྩིས་རྒྱག་སྟངས་ནི་ཡིག་རྒྱུགས་སྦྱངས་འབྲས÷300×100×50%+ངོ་རྒྱུགས་སྦྱངས་འབྲས×50%ལྟར་ཡིན། ཞིབ་འཇུག་སློབ་མ་དང་དེ་ཡན་གྱི་སློབ་རྒྱུས་ཀྱི་རེ་བ་ཡོད་པའི་ལས་གནས་སུ་ཡིག་རྒྱུགས་གཏོང་མི་དགོས་པ་དང་ངོ་རྒྱུགས་ཀྱི་སྦྱངས་འབྲས་དེ་སྤྱིའི་སྐར་གྲངས་ལ་བརྩི་ཡི་ཡོད།

        དྲུག གསབ་བསྡུའི་ངོ་རྒྱུགས་ལོན་པའི་མི་སྣ་གཏན་འཁེལ་བྱེད་སྟངས།

        ཞིབ་འཇུག་སློབ་མ་དང་དེ་ཡན་གྱི་སློབ་རྒྱུས་ཀྱི་རེ་བ་ཡོད་པའི་ལས་གནས་སུ་ངོ་རྒྱུགས་ཀྱི་སྦྱངས་འབྲས་མཐོ་བ་ནས་དམའ་བའི་རིམ་པ་བཞིན་ངོ་རྒྱུགས་ལོན་པའི་མི་སྣ་གཏན་འཁེལ་བྱ་རྒྱུ། ཆེད་སྦྱོང་ཚན་ཁག་དང་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ཀྱི་རེ་བ་ཡོད་པའི་ལས་གནས་སུ་1:2ཀྱི་བསྡུར་གྲངས་གཞིར་བཟུང་། ངོ་རྒྱུགས་ནང་ཚུད་པའི་སློབ་མ་རྣམས་སྤྱིའི་སྦྱངས་འབྲས་མཐོ་བ་ནས་དམའ་བའི་རིམ་པ་བཞིན་ངོ་རྒྱུགས་ལོན་མིན་གཏན་འཁེལ་བྱ་རྒྱུ་དང་1:2ཀྱི་ཚད་གཞིར་སླེབས་མེད་ཚེ་ངོ་རྒྱུགས་ནང་ཞུགས་ཆོག་ཀྱང་། ལས་གནས་གང་འདྲ་ཞིག་ཡིན་རུང་ངོ་རྒྱུགས་ཀྱི་སྦྱངས་འབྲས་དེ་ངེས་པར་དུ་སྐར་མ་60ལོངས་དགོས། དེ་ལྟར་བྱུང་ཚེ་གཞི་ནས་ངོ་རྒྱུགས་ལོན་པར་གཏན་འཁེལ་བྱས་ཆོག

        བདུན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ།

        ངོ་རྒྱུགས་ནང་ཞུགས་མཁན་སློབ་མས་ངེས་པར་དུ་རང་སྐྱོང་ལྗོངས་དང་། དེ་བཞིན་ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

    ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།

    2021ལོའི་ཟླ་10ཚེས་13ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།