དབུ་ཤོག>གསར་འགྱུར།
  • ​མཚོ་སྨད་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་མཐུད་ངང་བརྟན་པོ་འཛུགས་པའི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-15

    འདི་ལོ་ཚུན། མཚོ་སྨད་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཀྱི་བྱེད་སྒོ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། མི་རིགས་ཁག་སེ་འབྲུའི་རྡོག་པོ་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་རྨང་གཞི་བཏིང་ཡོད།

    མཐུན་སྒྲིལ་ཡར་ཐོན་གྱི་འགན་འཁྲི་ཡག་པོ་འཁུར་བ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ཡིན་ལ། ཡང་ལས་དོན་གཞན་དག་ཁག་ཚང་མས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཀྱང་རེད། མི་རིགས་མཐུན་སྒྲིལ་ནི་འབྱུང་འགྱུར་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་མཐུན་སྒྲིལ་ཡར་ཐོན་གྱི་འགན་འཁྲི་ཡག་པོ་འཁུར་བར་ཐོག་མར་མཐུན་སྒྲིལ་གྱི་བསམ་བློར་དམ་འཛིན་ལྷོད་མེད་བྱེད་དགོས།

    ངོས་འཛིན་འདི་ལ་གཞིགས་ནས། མཚོ་སྨད་རྫོང་གིས་མི་རིགས་མཐུན་སྒྲིལ་ལས་དོན་དེ་རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་ལ་བརྩིས་ཏེ། མི་རིགས་མཐུན་སྒྲིལ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”གྲོང་སྲོལ་དམངས་ཆིངས་དང་། དགོན་སྲོལ་གྲྭ་ཆིངས། སློབ་མའི་བསྲུང་བྱ་བཅས་ཀྱི་ནང་བཅུག་ནས། ཆུང་དུས་ནས་དམ་འཛིན་བྱས་ཏེ་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། “ཧྲུའུ་ཅི་ཡང་སྒྲོག་འགྲེལ་པ་ཡིན་པའི”བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། དབུལ་སྐྱོར་མཚན་སློབ་དང་གསོ་སྦྱོང་འཛིན་གྲྭ་དང་སྒྲོག་འགྲེལ་ཚོགས་འདུ་སྣ་ཚོགས་དང་ཟུང་འབྲེལ་བྱེད་པ། ཞིང་འབྲོག་མང་ཚོགས་ལ《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》འགྲེལ་བཤད་རྒྱག་པ། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་གསལ་པོ་ཤོད་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད།

    སེམས་ནུས་གཅིག་སྒྲིལ་གྱིས་དྲིལ་བསྒྲགས་སློབ་གསོ་ཡག་པོ་བཏང་བ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ངེས་པར་དུ་རྒྱུན་དུ་གླེང་བ་དང་མང་ཙམ་བཤད་དེ། དྲིལ་བསྒྲགས་སློབ་གསོའི“འཐབ་ས་གཙོ་བོའི”ནུས་པ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་མི་ཚང་མའི་སེམས་ནང་ཟུག་པ་བྱེད་པ་དང་འབྲེལ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ནས་མི་རིགས་ཁག་གི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་དགོས།

    སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། མཚོ་སྨད་རྫོང་གིས་རང་གཉེར་ལེ་ཚན་དང“དྲ་འཕྲིན་མཚོ་སྨད”དང“ལྟ་ཉན་མཚོ་སྨད”སོགས་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བསྡུ་རུབ་དང་། མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་སློབ་གསོ་དང་ཤེས་བྱའི་འགྲན་བསྡུར་སྤེལ་ནས། མང་ཚོགས་ཀྱི་ཁྲོད་དུ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཟབ་མོ་ཐོན་པར་བྱས་ཡོད།

    ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་། བོད་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ། “ཟླ་9པའི་མི་རིགས་མཐུན་སྒྲིལ་ཟླ་བ”སོགས་དུས་ཆེན་གལ་ཆེན་ལ་མཚོ་སྨད་རྫོང་གིས་རྫོང་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་དང་། དྲིལ་བསྒྲགས་སྟེགས་བུ་འཛུགས་པ། དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་པ་སོགས་བརྒྱུད་མི་རིགས་སྲིད་ཇུས་དང་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་ཁྱིམ་ཚང་ཀུན་གྱིས་ཤེས་པར་བྱས་ཡོད།

    སྦྲེལ་མཐུད་སྤེལ་རེས་གཏིང་ཟབ་ཏུ་བཏང་བ།

    “གཞོན་ནུའི་བུམ་པ”སྐབས་ལྔ་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྒྲིག་འཛུགས་བྱས་ནས། མི་རིགས་ཁག་གི་གཞོན་ནུ་རྣམས་རྐང་རྩེད་སྤོ་ལོའི་ཐང་དུ་མཛའ་མཐུན་གྲོས་བསྡུར་དང་མཐུན་སྒྲིལ་འབད་འཐབ་སྤེལ་རེད་བྱས་ཡོད། “ཏང་གི་ལོ་རྒྱུས་འབྲི་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་སྤེལ་ཏེ་བོད་རྒྱ་ཡིག་གཉིས་ཀྱི་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚོས་མཉམ་དུ་འགྲེམས་སྟོན་དང་ལག་རྩལ་སྤེལ་རེས་བྱས་པ་རེད། རྒྱ་རིགས་ལས་བྱེད་པ་གདན་དྲངས་ནས་ལྷ་སྡིངས་དགོན་དོ་དམ་ཨུ་ལྷན་དུ་དགེ་འདུན་པ་དང་མཉམ་དུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་མཐུན་འབྲེལ་བྱེད་སྒོ་སྤེལ་ཏེ་ཕན་ཚུན་སྙིང་གཏམ་ཤོད་རེས་དང་། མཉམ་དུ“སྐད་གཉིས”སློབ་སྦྱོང་བཅས་བྱས་ནས་མི་རིགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ཡོད།

    མཚོ་སྨད་རྫོང་གིས་རྒྱུན་དུ་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་སློབ་སྦྱོང་ལ་ཕན་ཚུན་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས། འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་བཏོད་དེ་སྦྲེལ་མཐུད་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བསྐྱངས་ཡོད།

    འདི་ལོ་ནས་བཟུང་། མཚོ་སྨད་རྫོང་གིས“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ”དང“དུས་རབས་གསར་པའི་ཤེས་དཔལ་ལག་ལེན”“སྣང་ཆེན་བཞི་དང་དགའ་ཞེན་བཞི”“ཚད་གཞི་བཞི”སོགས་དང་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་སུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡིག་རིས་འགྲེམས་སྟོན་དང་། “ཨན་ཧུའེ་དང་བོད་ཀྱི་བརྩེ་སེམས་མཉམ་དུ་གླེང་། མཐུན་སྒྲིལ་གྱི་ལྗོན་ཤིང་མཉམ་དུ་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཤིང་འཛུགས་བྱེད་སྒོ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་པའི་ཤེས་བྱའི་འགྲན་བསྡུར་དང་། རྐང་ཐང་མར་རི་འཛེགས། ལན་ཆིའུ་སྤོ་ལོ་དང་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར། དམངས་ཡོངས་ཀྱི་མ་བྱན་ལག་རྩལ་གྱི་འགྲན་བསྡུར་ཆེ་མོ། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་སློབ་ཁང་དུ་ཁྲིད་པ། དགེ་སློབ་ཀྱི་ཡིག་གཟུགས་འགྲན་བསྡུར། “གཤམ་སྤེལ་ལྔའི”མི་རིགས་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། སྣ་མང་ཕུན་སུམ་ཚོགས་པའི་རྣམ་པར་བརྟེན་ནས་མི་རིགས་ཁག་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་དང་བརྩེ་སེམས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོཌ་ཀྱི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བསམ་བློ་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ནས། མི་རིཌ་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།