ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་གླ་བསྡུ་བའི་ཚད་གཞི་སྔར་བས་ཚད་ལྡན་དུ་བཏང་ནས། ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། འབྲེལ་ཡོད་དོན་གནད་བརྡ་ཐོ་བཏང་བ་གཤམ་གསལ།
གཅིག རླངས་འཁོར་འཇོག་ཁུལ་གྱི་དབྱེ་བ།
ལྷ་ས་གྲོང་ཁུལ་གྱི་རླངས་འཁོར་འཇོག་ཁུལ་ཁྱོན་རིམ་པ་གསུམ་ལ་ཕྱེ་ཡོད་པ་སྟེ།
རིམ་པ་དང་པོའི་ཁུལ།
མི་རིགས་ལམ་གྱི་ཤར་རྒྱུད་དང་། ཅང་སུའུ་ཤར་ལམ་ནས་དོག་སྡེ་ལམ་ལྷོ་རྒྱུད་ཀྱི་ནུབ་ངོས་བར། འདམ་ར་ལམ་གྱི་ལྷོ་རྒྱུད(ཀྲུང་ཧོ་རྒྱལ་སྤྱིའི་གྲོང་དང་ལྷ་ཞབས་གླིང་ཕྲན་གྱི་ས་ཁོངས་ཏེ། ས་ཁོངས་དེ་གའི་གཞུང་ལམ་གཞོགས་གཉིས་ཀྱི་རླངས་འཁོར་འཇོག་ས་ཚང་མ་ཚུད)བཅས་ཡིན།
རིམ་པ་གཉིས་པའི་ཁུལ།
གཅིག ཚེས་གསུམ་ཐང་ལྷོ་རྒྱུད་དང་། རྭ་དགའ་ཆོས་འཁོར་ལམ་གྱི་ནུབ་རྒྱུད། བརྒྱད་གཅིག་ལམ་གྱི་ཤར་རྒྱུད། ལྷ་ས་སྐྱིད་ཆུའི་བྱང་རྒྱུད་ཀྱི་ས་ཁོངས(རིམ་པ་དང་པོའི་ཁུལ་ཕུད། ས་ཁོངས་དེ་གའི་གཞུང་ལམ་གཞོགས་གཉིས་ཀྱི་རླངས་འཁོར་འཇོག་ས་ཚང་མ་ཚུད)བཅས་ཡིན་པ།
གཉིས། སྣེའུ་ཁུལ་གསར་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(ས་ཁོངས་དེ་གའི་གཞུང་ལམ་གཞོགས་གཉིས་ཀྱི་རླངས་འཁོར་འཇོག་ས་ཚང་མ་ཚུད)བཅས་ཡིན་པ།
རིམ་པ་གསུམ་པའི་ཁུལ།
གཅིག ལྷ་ས་གྲོང་ཁྱེར་གྱི་རིམ་པ་དང་པོ་དང་གཉིས་པའི་ས་ཁོངས་ཕུད་པའི་དེ་མིན་གྱི་ལམ་རྒྱུད།
གཉིས། སློབ་གསོའི་གྲོང་དང་རིག་གནས་བསམ་བཀོད་གླིང(ས་ཁོངས་དེ་གའི་གཞུང་ལམ་གཞོགས་གཉིས་ཀྱི་རླངས་འཁོར་འཇོག་ས་ཚང་མ་ཚུད)
གཉིས། རླངས་འཁོར་འཇོག་གླའི་ཚད་གཞི།
གཅིག སྤྱི་པའི་ཐོན་ཁུངས་བཟུང་སྤྱོད་དང་། དེ་བཞིན་སྲིད་གཞུང་གིས་མ་འཇོག་འཛུགས་སྐྲུན(གཞུང་ཁོངས་ཁེ་ལས་ཀྱི་མ་འཇོག་འཛུགས་སྐྲུན་ཚུད)བྱས་པའི་རླངས་འཁོར་འཇོག་སའི་གྲོན་དངུལ་བསྡུ་བའི་ཚད་གཞི།
གཉིས། སྤྱི་ཚོགས་ཀྱི་སྤྱི་པའི(སྤྱི་ཕན)རང་བཞིན་གྱི་ཚན་པའི་ལེ་ལག་ཚང་བའི་རླངས་འཁོར་འཇོག་སའི(གཞུང་བཙུགས་སྨན་ཁང་དང་། གྲོང་མིའི་ཞབས་ཞུའི་ལྟེ་གནས། ཆོས་ལུགས་བྱེད་སྒོ་སྤེལ་ས། སློབ་གྲྭ་སོགས་ལེ་ལག་ཚང་བའི་རླངས་འཁོར་འཇོག་ས)གྲོན་དངུལ་བསྡུ་བའི་ཚད་གཞི།
གསུམ། འཕྲུལ་སྒུལ་འཁོར་རིགས་མིན་པའི་རླངས་འཁོར་འཇོག་སའི་གྲོན་དངུལ་བསྡུ་བའི་ཚད་གཞི།
གསུམ། རླངས་འཁོར་འཇོག་གླ་བརྩི་སྟངས།
འཕྲུལ་སྒུལ་འཁོར་རིགས་ཀྱི་འཇོག་གླ་བསྡུ་རྒྱུ་དེ་རླངས་འཁོར་འཇོག་ས་ག་ཚོད་བཟུང་མིན་གཞིར་བཟུང་བསྡུ་རྒྱུ་དང་། འཁོར་རིགས་མི་འདྲ་བར་གཤམ་གསལ་གྱི་ཚད་གཞི་གཞིར་བཟུང་རླངས་འཁོར་འཇོག་ས་བརྩི་རྒྱུ།
འཁོར་རིགས་ཆུང་གྲས། (ལྗིད་ཚད་ཏུན་2མན་དང་ཏུན་2ཚུད་པའི་ཟོག་འདྲེན་རླངས་འཁོར་རམ་ཡང་ན་རྐུབ་བཀྱག་9ཡོད་པའི་འཕྲུལ་སྒུལ་འཁོར་རིགས)རླངས་འཁོར་1ལ་བརྩིས་ནས་གྲོན་དངུལ་བསྡུ་རྒྱུ།
འཁོར་རིགས་འབྲིང་གྲས། (ལྗིད་ཚད་ཏུན་2ཡན་ནས་ཏུན་10མན་དང་ཏུན་10ཚུད་པའི་ཟོག་འདྲེན་རླངས་འཁོར་རམ་ཡང་ན་རྐུབ་བཀྱག་10ཡན་གྱི་འགྲུལ་སྐྱེལ་འཁོར་རིགས)རླངས་འཁོར་1.5ལ་བརྩིས་ནས་གྲོན་དངུལ་བསྡུ་རྒྱུ།
འཁོར་རིགས་ཆེ་གྲས། (ལྗིད་ཚད་ཏུན་10ཡན་གྱི་ཟོག་འདྲེན་རླངས་འཁོར་རམ་ཡང་ན་རྐུབ་བཀྱག་20ཡན་གྱི་འགྲུལ་སྐྱེལ་རླངས་འཁོར)རླངས་འཁོར་2ལ་བརྩིས་ནས་གྲོན་དངུལ་བསྡུ་རྒྱུ།
ལྷ་ས་གྲོང་ཁྱེར་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན།
2021ལོའི་ཟླ་9ཚེས་29ཉིན།