དབུ་ཤོག>གསར་འགྱུར།
  • ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ལ་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་མ་དངུལ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-05

    ཉེ་ཆར། ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་ལ་གྲོང་གསེབ་དར་རྒྱས་ཀྱི་རོཌ་སྐྱོར་མ་དངུལ་སྒོར་ཁྲི་10ཞལ་འདེབས་བརྒྱབ་སྟེ། ས་གནས་དེའི་མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད།

    ད་ཐེངས་ཞལ་འདེབས་བརྒྱབ་པའི་དམིགས་ཡུལ་ནི་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ན་སེར་སྡེ་ཁུལ་གྱི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ནས་ན་སེར་སྡེ་ཁུལ་གྱི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་དེ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་ཐོན་ལས་རོགས་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་པའི་ལོ་བཞི་པ་དེ་ཡིན་པ་དང་། གོམ་སྟབས་རྗེས་མར། ཀུང་སི་དེས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་མུ་མཐུད་དམིགས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་2020ལོའི་བར་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་རུ་ཁག་གི་བརྩོན་ལེན་དང་མཐུན་སྦྱོར་འོག་ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་སྔ་རྗེས་སུ་སྒོར་ཁྲི་30བཏོན་ནས་རྩ་རིང་གྲོང་རྡལ་མེ་ལོང་གྲོང་ཚོའི་མཉམ་ལས་ཁང་གི་ཕྱུགས་རིགས་གསོ་ཚགས་དང་དཀར་ཆུའི་ལས་སྣོན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།