དབུ་ཤོག>གསར་འགྱུར།
  • ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཞུགས་གཞན་སྒྱུར་གྱི་ཧུར་སེམས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-05

    རྩལ་ནུས་གསོ་སྦྱོང་ལས་དོན་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ནུས་པ་ཆེར་གཏོང་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱ་ཆེད། ཉེ་ཆར་སྨར་ཁམས་རྫོང་མི་སྤྱི་ཅུས་ཀྱིས་མང་ཚོཌ་ཀྱི་འདོད་མོས་དང་ཟུང་འབྲེལ་བྱས་ནས་རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་བཀོལ་སྤྱོད་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་རྐོ་འདྲུའི་འཕྲུལ་འཁོར་གྱི་འཛིན་གྲྭ་4བཙུགས་ནས་སློབ་མ་166བསྡུས་པ་དང་།

    འདོན་འཇུག་འཕྲུལ་འཁོར་གྱི་འཛིན་གྲྭ་2བཙུགས་ནས་སློབ་མ་83བསྡུས་ཡོད། གསོ་སྦྱོང་བྱེད་རིང་། འགོ་འཛུགས་ས་གསར་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་སློབ་ཁྲིད་དགེ་རྒན་གྱིས་སློབ་མར་རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་བཀོལ་སྤྱོད་བྱེད་སྟངས་སློབ་ཁྲིད་བྱས་པ་དང་དུས་མཚུངས། ད་དུང་སློབ་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། ལས་ཞུགས་འདུ་ཤེས་ཁྲིད་སྟོན་སོགས་སྤྱི་པའི་ཤེས་བྱའི་སློབ་ཚན་བཀོད་སྒྲིག་བྱས་ཏེ་གསོ་སྦྱོང་ལ་ཞུགས་མཁན་སློབ་མར་ལས་ཞུགས་རྩལ་ནུས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་པ་ཕུད། ད་དུང་ཁོང་ཚོར་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་རོགས་དང་ཕྱིར་གླ་པར་བསྐྱོད་ནས་ལས་ཞུགས་ཐུབ་རྒྱུའི་གདེང་ཚོད་ཆེ་རུ་གཏོང་རོགས་བྱས་ཏེ་ཁོང་ཚོའི་ལས་ཞུགས་གཞན་སྒྱུར་གྱི་ཧུར་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།