དབུ་ཤོག>གསར་འགྱུར།
  • བོད་སྐྱོར་ཐབས་ལམ་སྤྱད་དེ་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་ཁྲུང་ཆིང་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-05

    ཟླ་6པའི་ཟླ་དཀྱིལ་དུ་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་31གིས་ཁྲུང་ཆིང་ཡུང་ཁྲོན་དུ་ལས་གཏོད་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་ལ་ཞུགས་པ་རེད། ཉིན་10བཀག་སྡོམ་རྣམ་པའི་གསོ་སྦྱོང་དང་རིགས་གཅིག་མཁས་ཅན་དང་སློབ་དཔོན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་རི་བོ་ཆེ་ནས་ཡིན་པའི་ཚེ་བརྟན་དཔལ་མཚོ་དང་ཚེ་འཛོམས་སོགས་སློབ་གྲྭ་ཆེ་མོ་བ་8དེའི་ཁྲོད་ནས་འབུར་དུ་ཐོན་ཏེ་ཡུང་ཁྲོན་རེན་ཧོ་གྲངས་གཞི་ཆེ་མོའི་ཞིབ་འཇུག་ཁང་གིས་བསྡུས་པ་རེད། དཔའ་ཤོད་རྫོང་ནས་ཡིན་པའི་དཀོན་མཆོག་བཟང་པོ་ཁྲུང་ཆིང་ཆི་ཅིང་བཟའ་བཅའ་ཚོགས་པ་ཚད་ཡོད་ཀུང་སིས་བསྡུས་པ་རེད། ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་9པོ་ད་ཆ་ལས་ཞུགས་ཐུབ་ནས་ཁོང་ཚོ་ལྗོངས་ཕྱིར་ལས་ཀ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད།

    གསར་འགོད་པར་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ལོ་འདི་གའི་སློབ་ཐོན་སློབ་མ་4000ལྷག་ཙམ་ཟིན་གྱི་ཡོད་ཀྱང་ལྗོངས་ནང་ཁུལ་དུ་ལས་ཞུགས་ཀྱི་ལས་གནས་ལ་ཚད་བཀག་ཡོད་པ་དང་ལས་ཞུགས་ཀྱི་གནོན་ཤུགས་ཆེན་པོ་ཡོད་པ་རེད། ལས་ཞུགས་ཀྱི་དུས་བབ་ཛ་དྲག་པར་དམིགས་ཏེ་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆུ་མ་ཤོར་གོང་ནས་ཆུ་རགས་རྒྱག་པའི་དཔེ་ལྟར་ནང་ཁུལ་དུ་ལས་ཞུགས་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཕྱི་ཕྱོགས་སུ་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་ལས་གནས་འོས་སྦྱོར་བྱས་པས། འདུ་ཤེས་དང་། ལས་གནས། ལག་རྩལ། གསོ་སྦྱོང་བཅས་གཤམ་སྐྱེལ་གྱི་གཞི་གཅིག་ཅན་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    ན་ནིང་ནས་བཟུང་། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆེད་མི་མངགས་ཏེ་སྔོན་ཚུད་ནས་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ལོ་འདི་གའི་སློབ་གྲྭ་ཆེ་མོ་བ་དང་འབྲེལ་གཏུག་ཟབ་མོ་བྱས་ཏེ་ཁོང་ཚོའི་ཆེད་ལས་ཀྱི་གནས་ཚུལ་ཤེས་རྟོགས་དང་ལས་ཞུགས་ཀྱི་འདོད་མོས་སྐད་ཆ་དྲིས་ནས་ཆེད་ལས་དང་རིགས་ཁོངས་དབྱེ་སྟེ་ལས་ཞུགས་འདོད་མོས་ཀྱི་གྲངས་གཞིའི་མཛོད་བཙུགས་པ་མ་ཟད། ལྗོངས་ཕྱི་ནང་གི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་ཀྱང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།