དབུ་ཤོག>གསར་འགྱུར།
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-03

    དེ་རིང་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་72འཁོར་བའི་འཁྲུངས་སྐར་བསུས་ཤིང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེས་ལོ་བརྒྱའི་རིང་ཏང་གི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་དཔང་པོ་བྱས་པ་དང་། རླབས་ཆེན་མེས་རྒྱལ་གྱིས་གྲུ་གཡོར་བཀལ་ཏེ་རྒྱལ་ཁའི་གླུ་དབྱངས་བླངས་ནས་མདུན་དུ་སྐྱོད་ཚུལ་བཀོད་པ། མི་དམངས་དུང་ཕྱུར་མང་པོའི་ཀྲུང་གོ་གསར་པར་གུས་པ་ཆེན་པོས་བསྟོད་པ་འབུལ་བ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྤོབས་པ་ནམ་མཁའ་དང་མཉམ་པ་དང་ཞུམ་པ་མེད་པའི་དཔའ་ཉམས་འཕེལ་བར་བྱས་ཡོད།

    འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་ལྟ་སྐབས། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཀྱང་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་པས། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་སླར་གསོ་དང་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་། ཚན་རྩལ་རང་ཚུགས་དང་རང་སྟོབས་ཡོང་བར་སྐུལ་འདེད་ཆེན་པོ་ཐེབས་པ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་ཕྱིན་པ། དམངས་འཚོར་འགན་སྲུང་ནུས་ལྡན་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་བྱུང་ཡོད། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དུས་སྐབས་གལ་ཆེན་དུ། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ། ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ་བཅས་རེད།

     སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀྲུང་གོ་དང་རེ་བས་ཁེངས་པའི་ཀྲུང་གོ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད། སྟོབས་ཤུགས་གང་འདྲ་ཞིག་ཡིན་རུང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་གཡོ་འགུལ་གཏོང་ཐབས་བྲལ་ལ། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་ཐབས་བྲལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གཏིང་ཟབ་གནང་བ་ལྟར“ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ་སྟོབས་ཆེར་ཕྱིན་པ་བཅས་ཀྱི་མཆོང་བསྐྱོད་རླབས་པོ་ཆེ་བསུས་ཤིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་སླེབས་ཡོད” དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དམངས་སེམས་གཅིག་མཐུན་དང་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་རེད། འབད་འཐབ་ཀྱི་དམིགས་ཚད་གང་ཞིག་ཡིན་རུང་ལས་སླ་པོར་མངོན་འགྱུར་ཡོང་མི་སྲིད་པ་དང་མདུན་སྐྱོད་ཀྱི་ལམ་ནི་གེགས་མེད་བདེ་བགྲོད་ཐུབ་པ་ཞིག་མིན་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཡོད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ་དེ། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་བཅས་ཚང་མའི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡིན། དེས་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྐྱོད་རྒྱུ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    ལོ་72རིང་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དོན་གཙོ་བོ་ནི་ང་ཚོར་ཀྲུང་གོའི་རྒྱལ་བབ་དང་འཚམ་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་བཅས་ཀྱི་ཡང་དག་པའི་ལམ་བུ་ཞིག་རྙེད་པས་རེད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་བ་ཚད་མེད་སྤྱད་པ་དང་བློས་གཏོང་ཧ་ཅང་ཆེན་པོ་བྱས་པ་ལས་བྱུང་བའི་རྩ་བའི་གྲུབ་འབྲས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་ཞིག་ཀྱང་ཡིན། འགྲོ་ལམ་དེའི་ཐོག་སྐྱོད་པ་ནི་འགྲིག་པ་དང་ཤར་གཏོང་ཐུབ་པ་མ་ཟད། བརྟན་པོ་དང་བདེ་བླག་ངང་སྐྱོད་ཐུབ་ངེས་ཤིག་ཀྱང་རེད།

    མཐུན་སྒྲིལ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་མི་ཆད་པར་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་ཆེད་ཐུན་མོང་ཐོག་འབད་འཐབ་བྱས་པའི་ལོ་རྒྱུས་ཤིག་ཡིན། དེང་གི་འཛམ་གླིང་ལ་ལོ་ངོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་འགག་རྩའི་དུས་སུ་སླེབས་ཡོད། དམིགས་ཚད་དང་ཐག་ཇི་ཙམ་ཉེ་བ་དང་། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་བཅས་ཡིན་ན། དེ་ཙམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཁར། ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་རྒྱག་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་གསར་འབྱེད་མདུན་སྐྱོད་བྱེད་པར། ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་པ། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག དེ་བཞིན་ཕྱོགས་ཁག་བཅས་ཀྱི་མཐུན་སྒྲིལ་ཆེན་པོ་ཆེ་རུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ངོས་འཛིན་རྒྱ་ཁྱབ་ངང་གཅིག་མཐུན་ཡོང་བ་བྱེད་པ། གནམ་འོག་གི་ཤེས་ལྡན་པ་རྒྱ་ཁྱབ་ཏུ་བསྡུ་རུབ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ནས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ང་ཚོ་གནས་སའི་དུས་རབས་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་བའི་རླབས་ཆེན་གྱི་དུས་རབས་ཡིན་པ་དང་། ང་ཚོས་སྒྲུབ་བཞིན་པའི་བྱ་གཞག་ནི་སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་ཡིན་པ། ང་ཚོས་སྒྲུབ་བཞིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་པ་བཅས་རེད། སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ལས་བྱུང་བ་དང་། དུས་རབས་གསར་པ་ནི་འབད་འཐབ་ལས་བྱུང་བ་ཡིན་པ་ངེས་པར་དུ་ངོས་འཛིན་ཐུབ་པར་བྱེད་དགོས། དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་དངོས་སྒྲུབ་ལ་བརྟེན་དགོས།

    སྔར་སོང་ལ་ཕྱིར་མིག་ལྟ་སྐབས། ཏང་དང་མི་དམངས་ཀྱིས་ལོ་བརྒྱའི་རིང་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་གི་ཆེས་དར་རྒྱས་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་ལངས་ནས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འགོ་འཇུག་གཟབ་འཁྱོངས་བྱེད་པ་དང་ང་རྒྱལ་དང་འཚབ་འཚུབ་སྤོང་བའི་རིག་པ་དྭངས་གསལ་ཡོང་བ་ནམ་ཡང་མཐའ་འཁྱོངས་བྱེད་པ་དང་། དཀའ་ཉེན་ལ་མི་སྐྲག་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་འབད་འཐབ་ཀྱི་སེམས་ཤུགས་བརྟན་པོ་ནམ་ཡང་མཐའ་འཁྱོངས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འབར་བའི་མདུན་ལམ་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།