དབུ་ཤོག>གསར་འགྱུར།
  • རང་ལྗོངས་ཀྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-28

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སྤྱི་དམངས་ཅན་དང་། མི་ཆོས་ཅན། དངོས་ཚན་ཅན་བཅས་ལ་འགྱུར་བར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་ཆེད། ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་འགན་གཅིག་ལྕོགས་ཨུ་ཡོན་ཚན་པ་དང་མཉམ་དུ་ཁྱོན་ཚན་པ་37ཞུགས་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ལྷ་སའི་གཡུ་ཐོག་ལམ་དུ་སྤེལ་བ་རེད།

    དྲིལ་བསྒྲགས་བྱེད་སྒོར“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པ་རེད། བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་ས་ཚིགས་སུ་འགྲེམས་པང་འཛུགས་པ་དང་། ལག་ཐོགས་ཁ་པར་ནས་འཕྲིན་ཐུང་སྐུར་བ། དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་དང་ཚན་པ་དེ་གའི་བྱང་བུའམ་ཡང་ན་མཚོན་རྟགས་འགེལ་བ་བཅས་བྱས་ཏེ། མང་ཚོགས་ལ་སྐད་གཉིས་ཀྱི་པར་རིས་དཔྱད་ཡིག་དང་དམངས་ཕན་དངོས་པོ་སྤྲད་པ་དང་སྦྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བློ་འདྲིའི་ཞབས་འདེགས་ཞུས་པ་རེད། དེ་དང་དུས་མཚུངས་གཡུ་ཐོག་ལམ་ཉེ་འཁོར་གྱི་ལམ་མདོའི་LEDའཆར་ཤེལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི་དྲིལ་བསྒྲགས་པར་གཞི་བསྟན་ཏེ་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།