2022ལོའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ལས་དོན་སྤེལ་གྲབས་འདུག
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་དེ་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བླང་བྱ་གཞིར་བཟུང་། མི་རེར་ལོ་རེར་སྒོར་130དང་སྒོར་320ཡི་གྲོན་དངུལ་འཇལ་བའི་ཚད་གཞི་གཉིས་བཟོས་པ་དང་། འགན་བཅོལ་ནང་ཞུགས་པའི་ཐོ་འགོད་པའི་དུས་ཚོད་2021ལོའི་ཟླ་10ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་ཞིང་། བཙས་མ་ཐག་པའི་དམར་འབྱར་རམ་ཡང་ན་གཅིག་སྡུད་ཐོག་གྲོན་དངུལ་སྐྱེལ་མི་དགོས་པའི་མི་སྣ་ཕུད། དུས་ཚོད་ཡོལ་ཚེ་འགྲོ་ལུགས་གཉེར་གྱི་མེད་པ་རེད།
མི་གང་དག་འགན་བཅོལ་ནང་ཞུགས་ཆོག་གམ།
《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལག་བསྟར་བྱ་ཐབས》ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་བྱེད་སྐབས། གཏོགས་ཁོངས་ཅན་གྱི་དོ་དམ་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། ཁྱབ་ཁོངས་ནང་ད་ཡོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་གི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་ཞུགས་མེད་པའི་མི་སྣ་ཚུད་ཡོད།
འགན་བཅོལ་ནང་ཞུགས་སྐབས་འཁྱེར་དགོས་པའི་ཡིག་ཆ།
ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཐེམ་ཐོ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར། འབྲེལ་ཡོད་གཟིགས་སྐྱོང་ལག་ཁྱེར་བཅས་ཀྱི་མ་དཔེ་དང་དཔར་མ་ཁྱེར་ནས། ཐེམ་ཐོ་ཡོད་སའི་ཚན་པ(དགོན་སྡེ)དང་། ཤང(གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁང) གྲོང་ཚོ(གྲོང་ལྷན)བཅས་སུ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་རེ་ཞུ་བྱེད་དགོས།
ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་གི་སློབ་ལོ་མ་ལོན་པའི་བྱིས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། བོད་ལྗོངས་འཛིན་གྲྭའི་སློབ་མ(མཐོ་རིམ་སློབ་འབྲིང་གི་བར་བཅུག་སློབ་མ་ཚུད་པ)བཅས་དང་། དེ་བཞིན་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ(ཚན་ཞིབ་ཁང་དང་། ཚན་ཞིབ་སུའོ། བོད་ལྗོངས་མི་རིགས་སློབ་ཆེན་བཅས་ཚུད་པ)སྣ་ཚོགས། འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ་དང་། ལག་ཤེས་སློབ་གྲྭ ལྗོངས་ཕྱིའི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་བཅས་ཀྱི་སློབ་མས་ཐེམ་ཐོ་ཡོད་སའི་གྲོང་ཁྱེར་དང་གྲོང་གསེབ་ནས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་གི་ཡོད།
དོ་སྣང་བྱེད་དགོས་པ།
མུ་མཐུད་འགན་བཅོལ་ནང་ཞུགས་མཁན་གྱིས་ཐད་ཀར་གྲོན་དངུལ་འཇལ་ཆོག་པ་དང་། འགན་བཅོལ་ནང་ཐེངས་དང་པོ་ཞུགས་མཁན་གྱིས་མི་སྒེར་གྱི་གོ་ཆོད་ཐོབ་ཐང་ལག་ཁྱེར་ཁྱེར་ནས། རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་ཚན་པའམ་ཡང་ན་གྲོང་མི་ཨུ་ལྷན་དུ་གཅིག་གྱུར་ཐོག་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བྱེད་དགོས། དེ་རྗེས་ཚན་པ་དང་གྲོང་མི་ཨུ་ལྷན་གྱིས་ཁོངས་གཏོགས་ཀྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་དུ་ཐོ་འགོད་བྱེད་ཀྱི་ཡོད། ཐོ་འགོད་པའི་ལས་དོན་བསྒྲུབས་རྗེས་དུས་ཐོག་ཏུ་ཁྲལ་དོན་སྡེ་ཚན་ལ་འབྲེལ་བ་བྱས་ནས་གྲོན་དངུལ་འཇལ་དགོས་པ་དང་། ཁྲལ་དོན་སྡེ་ཚན་གྱིས་བསྐུར་བའི་གྲོན་དངུལ་བསྡུས་པའི་ཆ་འཕྲིན་དེ་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་དཔང་འཛིན་ལ་བརྩིས་ནས། དུས་ཐོག་ཏུ་གྲོན་དངུལ་འཇལ་མཁན་ལ་དེ་མཚུངས་ཀྱི་སྨན་བཅོས་འགན་སྲུང་བྱེད་ཀྱི་ཡོད།