2021ལོའི་རྒྱལ་སྟོན་གྱི་ངལ་གསོ་བཀོད་སྒྲིག་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་བརྡ་ཐོ།
གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག
《 2021ལོའི་དུས་ཆེན་ལ་ལའི་ངལ་གསོ་བཀོད་སྒྲིག་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(རྒྱལ་དོན་གློག་འཕྲིན[2020ལོའི]ཡིག་ཨང་27པ)ཡི་དགོངས་དོན་གཞིར་བཟུང་། ད་ལྟ་2021ལོའི་རྒྱལ་སྟོན་ངལ་གསོའི་བཀོད་སྒྲིག་གི་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
2021ལོའི་ཟླ་10ཚེས་1ནས་7ཉིན་བར་ཁྱོན་ཉིན་7ངལ་གསོ་འཇོག་རྒྱུ། ཟླ་9ཚེས་26ཉིན(རེས་གཟའ་ཉི་མ)དང་ཟླ་10ཚེས་9ཉིན(རེས་གཟའ་སྤེན་པ)ལས་ཀར་ཡོང་དགོས།
དུས་ཆེན་རིང་རྒྱ་ཆེའི་གྲོང་མིས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་ཀྱི་ནད་རིམས་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཕྱིར་སྐྱོད་སྐབས་ཁ་རས་ཡག་པོ་རྒྱག་དགོས་པ་དང་ལག་པ་ཡང་སེ་བཀྲུ་དགོས། ཕྱི་རོལ་དུ་ཡུན་རིང་པོ་སྡོད་རྒྱུ་མེད་པ་དང་། མི་སྣ་འདུ་འཛོམས་བྱ་ཡུལ་དུ་ཉུང་ཙམ་འགྲོ་བ། བདེ་ཐང་ཨང་རྟགས་གྲ་སྒྲིག་དགོས་པ། ཨང་རྟགས་བཤེར་བ་དང་ཚ་བ་ལྟ་བ་སོགས་ཀྱི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱེད་དགོས།
ཟླ་10ཚེས་1ཉིན་ནས་སང་ལོའི་ཟླ་4ཚེས་30ཉིན་བར་དགུན་དུས་ཀྱི་ལས་ཀ་དང་ངལ་གསོའི་དུས་ཚོད་ལག་བསྟར་བྱ་རྒྱུ།
དགུན་དུས་ཀྱི་ལས་ཀ་དང་ངལ་གསོའི་དུས་ཚོད་གཤམ་གསལ།
སྔ་དྲོ། 09:30—13:00
ཕྱི་དྲོ། 15:30—18:00
ཆེད་དུ་བརྡ་ཐོ་འདི་བཏང་བ་ཡིན།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།
2021ལོའི་ཟླ་9ཚེས་22ཉིན།