དབུ་ཤོག>གསར་འགྱུར།
  • ཚོང་གཉེར་དང་ཡུལ་སྐོར་གྱི་གནས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབུན་ཁའེ་དང་། ལི་ཡིའུ་ཅུན། བློ་བཟང་བསྟན་འཛིན། ཟླ་སྒྲོན།   |     སྤེལ་དུས།  2021-09-24

    1107410_yis_1632412800000_s.jpg

    འདི་ནི་འཛུགས་སྐྲུན་བྱེད་བཞིན་པའི་སྤུ་ཧྲེང་རྫོང་ཐང་ཁ་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་ཡིན་པ།

    ཀྲུང་གོའི་ཆེས་ལྷོ་ནུབ་རྒྱུད་དུ་གནས་པའི་སྤུ་ཧྲེང་རྫོང་དུ་དཔུང་འཇུག་བྱ་རྒྱུ་དེ་རྒྱང་སྐྱོད་ཧྲིལ་པོའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་། མངའ་རིས་ས་ཁུལ་གྱི་ལྷོ་རྒྱུད། ཧི་མ་ལ་ཡའི་ལྷོ་ངོས་བཅས་ཀྱི་རོང་ཁུལ་དུ་གནས་པའི་སྤུ་ཧྲེང་རྫོང་ནི་ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་སྦྲེལ་མཚམས་སུ་ཆགས།

    —— 《ཧི་མ་ལ་ཡའི་མཛད་རྗེས་རྡོ་རིང》ལས་བཏུས།

    སྤུ་ཧྲེང་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྫོང་དེ་ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་སྦྲེལ་མཚམས་སུ་གནས་པ་ལས་དེ་ག་ནི་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ངན་སྐུལ་ཕོག་པའི་ལྷོ་རྒྱུད་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱེད་པའི་བགྲོད་ལམ་གཙོ་བོ་ཞིག་ཏུ་གྱུར་ནས་སུམ་པའི་དམག་འཁྲུག་དེ་གར་ལངས། ལོ་70ཡི་གོང་བར། སྔོན་སྐྱོད་ལེན་ཤོག་དང་རྗེས་མཐུད་དཔུང་སྡེ་ལས་གྲུབ་པའི་སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་གིས་དཀའ་ངལ་ཁྱད་བསད་ཀྱིས་གངས་ཏི་སེའི་རི་རྒྱུད་བརྒྱབ་ནས་བདེ་བླག་ངང་སྤུ་ཧྲེང་རྫོང་དུ་བཅའ་སྡོད་བྱས། ཕྱིས་སུ་ཀྲུང་དབྱང་སྲིད་དབང་མངའ་ཁོངས་ཀྱི་དམག་དཔུང་གིས་གཞི་ནས་སྤུ་ཧྲེང་རྫོང་གི་མཐའ་མཚམས་སུ་བཅའ་སྡོད་འགོག་སྲུང་ཐེངས་དང་པོ་བྱས་པས་ལྷོ་རྒྱུད་རྒྱལ་ཁབ་ཀྱིས་བྱང་ཕྱོགས་སུ་བཙན་འཛུལ་བྱེད་མཚམས་འཇོག་དགོས་འཁེལ།

    དམག་འཁྲུག་གི་དུ་ཞག་དང་རྒྱང་སྐྱོད་ལམ་བུའི་ཐོག་གི་དཀའ་ཚེགས་སྔ་ས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་བཞུར་ཟིན། ད་ཆ་ཚོང་ལས་དར་ཞིང་རྒྱས་པའི་མགྲོན་ཁང་དང་ཟ་ཁང་ལས་སྤུ་ཧྲེང་རྫོང་གི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་མངོན།

    སྤུ་ཧྲེང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧན་ཅིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྤུ་ཧྲེང་རྫོང་གིས“འཛམ་གླིང་གི་ལྟེ་གནས”དང“གནམ་མཐའི་ཕ་ས”ཞེས་པའི་མིང་བྱང་གཉིས་གཙོ་གནད་ཐོག་བཏོད་དེ་རིག་གནས་དང་ཡུལ་སྐོར་ལས་དོན་གྱི་ཁྱབ་ཁོངས་ཁག་དང་། ཕྱོགས་མང་པོ། འཁོར་འབྲེལ་ཧྲིལ་པོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་དེ་ཀ་རྟེན་ཐོན་ལས་སུ་བརྩིས་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་གང་མགྱོགས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་པ་བྱས་ཤིང་། སྤུ་ཧྲེང་རྫོང་གིས་སྔ་རྗེས་སུ་མཛེས་ལྗོངས་ཁུལ་དང་རྫོང་གྲོང་དུ་སྐར་མ་རིམ་པའི་གསང་སྤྱོད་བརྒྱབ་པ་དང་། མ་དངུལ་སྒོར་ཁྲི་412.31བཏང་ནས་སྤུ་ཧྲེང་རྫོང་དམངས་སྲོལ་རིག་གནས་གླིང་བསྐྲུན་པ། མ་དངུལ་སྒོར་ཁྲི་537.97བཏང་ནས་སྤུ་ཧྲེང་རྫོང་གི་ཡུལ་སྐོར་བའི་བློ་འདྲི་ལྟེ་གནས་བསྐྲུན་པ། མ་དངུལ་སྒོར་ཁྲི་330བཏང་ནས་སྤུ་ཧྲེང་རྫོང་སྟོད་ཡུལ་གྲོང་ཚོར་ཡོད་པའི་སུམ་པའི་དམག་འཁྲུག་གི་གནའ་ཤུལ་སྲུང་སྐྱོང་རང་བཞིན་སྒོ་ནས་གསར་སྤེལ་བྱས་པ། མ་དངུལ་སྒོར་ཁྲི་1000བཏང་ནས་སྤུ་ཧྲེང་རྫོང་མ་ཕམ་གཡུ་མཚོ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ། མ་དངུལ་སྒོར་ཁྲི་1000བཏང་ནས་སྤུ་ཧྲེང་རྫོང་གི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སྤུ་ཧྲེང་རྫོང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་68.47ལ་སྣེ་ལེན་ཞུས་པར་ཁྱོན་ཡོང་འབབ་སྒོར་ཁྲི་83010.13བྱུང་ཡོད།

    ཡུལ་སྐོར་ཕུད། གཞན་ཡང་མཐའ་མཚམས་ཉོ་ཚོང་ནི་སྤུ་ཧྲེང་རྫོང་གི་ཁྱད་ཆོས་ཆེན་པོ་གཞན་ཞིག་རེད། ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། ལོ་ངོ་སྟོང་གི་གོང་ནས་མངའ་རིས་བྱང་རྒྱུད་ཀྱི་འབྲོག་ཁུལ་མང་ཚོགས་ཀྱིས་ཡུལ་ཚྭ་ཁྱེར་ནས་སྤུ་ཧྲེང་རྫོང་དུ་རྒྱ་གར་དང་ནེ་པ་ལའི་ཚོང་པ་དང་འབྲུ་རིགས་དང་བརྗེ་པོ་བརྒྱབ་པ་ནས་བཟུང་སྐད་གྲགས་ཆོད་པའི“ཚྭ་ལུག་ཚོང་ལམ”ཆགས། ལོ་500ཡི་གོང་། ཚོང་རྒྱག་པར་ཡོང་མཁན་རྒྱ་གར་དང་ནེ་པ་ལའི་མཐའ་མཚམས་མི་སེར་རྣམས་སྤུ་ཧྲེང་རྫོང་བཤད་འཕེལ་གླིང་དགོན་པའི་གཤམ་གྱི་བྲག་ཕུག་ནང་སྡོད་ཀྱི་ཡོད་པས་ཐོག་མའི་ཐང་ཁ་ཁྲོམ་ར་དེ་གར་ཆགས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་དེར“ནེ་པ་ལའི་ཁྲོམ་ར་ཆེ་མོ”ཞེས་བརྗོད།

    དུས་རབས་གོང་མའི་ལོ་རབས་50པའི་དུས་མཇུག་ཏུ། ཀྲུང་དབྱང་གིས་སྤུ་ཧྲེང་རྫོང་དུ་རྒྱལ་སྤྱིའི་ཁྲོམ་ར་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། 1995ལོར་སྤུ་ཧྲེང་རྫོང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འགག་སྒོར་ཆོག་མཆན་སྤྲད་པ་ནས་བཟུང་། སྤུ་ཧྲེང་རྫོང་གི་མཐའ་མཚམས་ཉོ་ཚོང་ཁྲོམ་རར་སྔ་རྗེས་སུ་གཞི་ཁྱོན་ཅུང་ཆེ་བའི་སྒྱུར་བཀོད་འཛུགས་སྐྲུན་ཐེངས་4བྱས།

    སྤུ་ཧྲེང་རྫོང་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཕན་ཏུང་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆའི་སྤུ་ཧྲེང་འགག་སྒོའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དེ་2003ལོར་བརྒྱབ་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5000ལྷག་ཙམ་ཟིན་པར་ཚོང་ཁང་59ཡོད་པ་དང་2006ལོར་རྒྱས་སྐྲུན་བྱས་པ་རེད། གཞན་ཡང་སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་ལྷན་གྱིས་ད་དུང་མ་དངུལ་གྲབས་གསོག་བྱས་ནས་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་3000ལྷག་ཙམ་ཟིན་ཞིང་ས་ཕག་དང་ལྕམ་ཤིང་ལས་གྲུབ་པའི་ཁང་མིག་219ཡོད་པའི་མཐའ་མཚམས་གྲོང་མིའི་ཉོ་ཚོང་ཁྲོམ་ར་བསྐྲུན།

    “ཏོག་གསར་གློ་ཚད་རིམས་ནད་མ་ཐོན་གོང་། སྤུ་ཧྲེང་རྫོང་དུ་ཚོང་རྒྱག་མཁན་ཕྱི་རྒྱལ་གྱི་གཏན་འཇགས་ཚོང་པ་300ལས་བརྒལ་བ་དང་། མི་གྲངས་ཆིག་སྟོང་ལྷག་ཙམ་ཟིན་པ། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་4ལྷག་ཙམ་ཟིན་གྱི་ཡོད། གཙོ་བོ་ཤིང་ཕོར་དང་། དྲི་ཆབ། དེ་བཞིན་ལག་ཤེས་བཟོ་རྩལ་ཐོན་རྫས་དང་འཚོ་བའི་མཁོ་ཆས་སྣ་ཚོགས་བཙོངས་པར་ལོ་རེའི་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་ཁྲི་3000ལས་བརྒལ་གྱི་ཡོད” ཕན་ཏུང་ལེང་གིས“སྤུ་ཧྲེང་འགག་སྒོའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དེའང་ཡུལ་སྐོར་བ་འགྲོ་འདོད་ཆེན་པོ་བྱེད་པའི་ས་ཆ་ཞིག་རེད། ཚོང་ཟོག་མ་ཉོས་ནའང་དེ་གར་སྐོར་བ་གཅིག་རྒྱག་པའམ་ཡང་ན་རོང་ལྟོ་ཐེངས་གཅིག་བཟས་ཀྱང་ཧ་ཅང་སྐྱིད་པོ་ཡོད”ཅེས་བཤད།

    སྤུ་ཧྲེང་རྫོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་རར་མཛེས་བཟོ་དམིགས་བསལ་བྱས་པའི་ཚོང་ཁང་ཞིག་མངོན་གསལ་ཤིན་ཏུ་དོད། ཚོང་ཁང་ནང་འཛུལ་སྐབས་མིག་ལམ་དུ་འཆར་བ་ནི་གྲལ་སྟར་འགྲིག་པོར་བཤམས་པའི་ནེ་པ་ལའི་ཤིང་ཕོར་རེད་འདུག སྦྱིན་བདག་པད་མ་རྡོ་རྗེ་ནེ་པ་ལ་ནས་ཡིན་པ་དང་བོད་སྐད་ཆུ་རྒྱུག་རྒྱུག་ཤེས་ཀྱི་འདུག ཁོང་གིས“ངས་སྤུ་ཧྲེང་དུ་ཚོང་ལོ་5བརྒྱབ་པ་ཡིན། ལོ་ལྟར་ཡོང་འབབ་སྒོར་ཁྲི་7ཡན་ཡོང་གི་འདུག ང་ཚོའི་ཕ་ཡུལ་དུ་ཡོང་འབབ་དེ་ཧ་ཅང་མང་པོར་བརྩི་གི་རེད། ད་ཆ་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསར་པ་སྔ་ཙམ་བསྐྲུན་ནས་ང་ཚོར་དེ་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་དང་ཡོང་འབབ་སྔར་ལས་མང་བ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

    2016ལོར། སྤུ་ཧྲེང་རྫོང་ཐང་ཁ་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསར་པ་སྐྲུན་འགོ་ཚུགས་ཤིང་། སྤྱིའི་འཆར་འགོད་ཀྱི་ས་ཁྱོན་སྨི་ངོས་གྲུ་60451.15ཟིན་པ་དང་། གསར་དུ་བསྐྲུན་པའི་སྤྱི་ཤག་རྣམ་པའི་མགྲོན་ཁང་ཁང་མིག་181ཡོད་པ། གསར་དུ་བསྐྲུན་པའི་ཁྲོམ་རའི་ཚོང་ལས་ཀྱི་ཁང་པ་ཆ་ཚང་225ཡོད་པར་སྡོད་ཁང་ཁུལ་དང་ཚོང་ལས་ཚོང་དོན་འཛུགས་སྐྲུན་ཁུལ་གཉིས་སུ་ཕྱེ་ཡོད། སྐབས་དེ་དུས་པད་མ་རྡོ་རྗེ་དང་འདྲ་བའི་མཐའ་མཚམས་ཚོང་གཉེར་བ་ཚོར་ཡོང་འབབ་དེ་བས་མང་བ་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།