འདི་ནི་འབྲོག་པས་འགྲན་བསྡུར་ཁྲོད་ཕྱིང་ཞྭ་བཟོ་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས“བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ནང་མི་རིགས་ལག་ཤེས་བཟོ་རྩལ་དང་། ཨར་སྐྲུན་བཟོ་རྩལ། བོད་ཟས་མ་བྱན། དཀར་ཆུའི་ཐོན་རྫས་ལས་སྣོན་བཅས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཟབ་པའི་རྣམ་གྲངས་4ཚུད་ཡོད། ཤང(གྲོང་རྡལ)10ཡི་བདམས་ཐོན་པ་400ལྷག་ཙམ་གྱི་ཁྲོད་ནས་བདམས་ཐོན་པ་50ལྷག་ཙམ་མཐའ་བསྡུར་ནང་ཚུད་ནས་ལས་ཡུལ་དངོས་སུ་རྩལ་ནུས་འགྲན་བསྡུར་བྱས་ཡོད།