དབུ་ཤོག
  • ཤེལ་ཁང་སོགས་སྐྲུན་དངོས་གང་བྱུང་བརྒྱབ་ན་ཁྲིམས་འགལ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-09-22

    ཉེ་དུས། ཁྲེང་ཀོན་ཆུས་ཀྱི་སྡེ་ཚན་ཁག་གིས་མཉམ་འབྲེལ་ཁྲིམས་འཛིན་བྱས་ཏེ། ལྷ་ཞབས་གླིང་ཕྲན་སྐྱེ་ཁམས་ཁུལ་ཆུང་གི་ཁྲིམས་འགལ་སྐྲུན་དངོས་5ཁྲིམས་ལྟར་བཤིག་སུ་བཅུག་པ་དེ་ཐོག་ནས“ཁྲིམས་འགལ་གཉིས”ཀྱི་བྱེད་སྤྱོད་རིགས་ཨར་སྐྲུན་བྱེད་མ་ཐག་བཤིག་པ་དང་ཤེས་རྟོགས་བྱུང་མ་ཐག་གཅོད་བྱེད་པའི་རྣམ་འགྱུར་མཚོན་གྱི་ཡོད་ཅིང་། ད་དུང་གནས་ཚུལ་འདི་རིགས་ཐོན་མ་ཐག་རྡུང་རྡེག་དང་མཐར་པར་གཏན་ནས་མི་གཏོང་བའི་འགན་ལེན་བྱས་པ་རེད།

    111.jpg

    སྐྲུན་དངོས་བཤིག་ཡུལ་དུ་འབྲེལ་ཡོད་ཚན་པས་སྐྲུན་དངོས་འདི་དག་ལ་བདེ་འཇགས་གྲལ་བཤེར་དང་། མི་སྣ་ཕྱིར་འབུད། དངོས་རྫས་དབོར་འདྲེན་བཅས་བྱས་རྗེས། ཁྲིམས་འགལ་སྐྲུན་དངོས་བཤིག་པའི་ལས་ཀ་དངོས་སུ་འགོ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཤིག་པའི་ཁྲིམས་འགལ་སྐྲུན་དངོས་5པོ་དེ་དག་ནི་སྒོ་རའི་ནང་བརྒྱབ་པའི་ཤེལ་ཁང་ཤ་སྟག་རེད།

    222.jpg

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་འཛུགས་སྐྲུན་བྱེད་པར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཁྲིམས་འགལ་གྱི་ཉོ་ཚོང་དང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་རྡུང་རྡེག་ནན་པོ་བཏང་ཡོད། གཞན་ཡང་། ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་གྲོང་ཚོ(གྲོང་མི)ཨུ་ལྷན་གྱི་ཁོངས་གཏོགས་དོ་དམ་འགན་འཁྲི་ཟམ་མི་ཆད་པར་དོན་འཁྱོལ་བྱས་པ་དང་། ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་འཛུགས་སྐྲུན་བྱས་པར་ཁྲིམས་ལྟར་བཅོས་སྒྲིག་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་འབྱུང་རྩ་ནས་གཏན་འགོག་བྱས་དང་བྱེད་མུས་ཡིན་པ་རེད།

    333.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།