
ཉེ་ཆར། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་གྲོང་ཚོ(གྲོང་ལྷན)3གྱི་ཞིང་འབྲོག་ཏང་ཡོན་གྱི་འཐུས་མི་ལྷ་སར་བསྐྱོད་པའི་སྒྲིག་འཛུགས་བྱས་ཏེ། “མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་པ་དང་། འགྲེམས་སྟོན་ལ་ལྟ་བ། ཏང་གི་ལོ་རྒྱུས་སྦྱོང་བ”བཅས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བྱེད་སྒོ་སྤེལ་བ་རེད། འགྲེམས་སྟོན་ལ་བལྟས་པ་བརྒྱུད། ཁོང་ཚོར་སྤྲོ་སྣང་དང་སྤོབས་པ་ཚད་མེད་སྐྱེས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
འདི་ནི་རྩ་རིང་གྲོང་རྡལ་གྱི་ཞིང་འབྲོག་ཏང་ཡོན་གྱི་འཐུས་མིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།