ལྷ་ས་གྲོང་ཁྱེར་གྱི“བརྩེ་བས་ཕྱུག་པའི་ལྷ་ས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཅེས་པའི་རླངས་འཁོར་བྲིན་ཚོང་གི་བྱེད་སྒོ་གཉེར་གྲབས་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཁྱོན་སྒོར་ཁྲི་3000བཏང་ནས་བྱེད་སྒོའི་ཁ་གསབ་ཏུ་སྤྱོད་རྒྱུ་རེད་འདུག
བྱེད་སྒོའི་དུས་ཚོད། ཟླ་9ཚེས་18ཉིན་ནས་ཟླ་11ཚེས་30ཉིན་བར།
ཁ་གསབ་ཚད་གཞི། ཁ་གསབ་དེ་རླངས་འཁོར་ཐོག་མར་ཉོ་སྐབས་ཀྱི་རིན་གོང་ཚད་གཞིར་འཛིན་རྒྱུ་དང་། ཁ་གསབ་ཀྱི་ཚད་གཞི་ནི་ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་འཇལ་བའམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གི་སྤ་སེ་ཡོད་རིགས་རེད་འདུག
སྒོར་ཁྲི་5ནས་སྒོར་ཁྲི་10བར་ལ་ཁ་གསབ་སྒོར་5000བྱ་རྒྱུ་དང་།
སྒོར་ཁྲི་10ནས་སྒོར་ཁྲི་20བར་ལ་ཁ་གསབ་སྒོར་10000བྱ་རྒྱུ།
སྒོར་ཁྲི་20ཡན་ལ་ཁ་གསབ་སྒོར་15000བྱ་རྒྱུ་རེད་འདུག
ཡིད་གཟབ་བྱེད་དགོས་པར། ལྷ་ས་གྲོང་ཁྱེར་ཕུད་པའི་ས་ཁུལ་གཞན་དུ་རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་འཇལ་བའམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གི་སྤ་སེ་ཡོད་རིགས་ལ་ཁ་གསབ་དེ་སྤྲོད་ཀྱི་མི་འདུག
གཞན་ཡང་། ལྷ་སར་ཡོད་པའི་མི(གྲོང་ཁྱེར་གཞན་ནས་ལྷ་སར་ཡོང་མཁན་གྱི་མི་ཚུད་པ)བྱེད་སྒོ་དེའི་ནང་ཞུགས་ཆོག་གི་འདུག
(ཁ་གསབ་རེ་ཞུ་དང་འབྲེལ་ཡོད་ཀྱི་དཔྱད་གཞི་གང་དག་མཁོ་འདོན་བྱེད་དགོས་མིན་སོགས་ཞིབ་ཕྲའི་ནང་དོན་རླངས་འཁོར་ཆེད་འཚོང་ཁང་ཁག་དང་འབྲེལ་ཡོད་ཚན་པར་བློ་འདྲི་བྱས་ན་འགྲིག)