ཉེ་བའི་ལོ་ཤས་རིང་། ལྷོ་བྲག་རྫོང་རྫ་ར་ཤང་དཔེ་གསར་ཕྱོགས་བསྡུས་ཞིང་ལས་ཆེད་ལས་མཉམ་ལས་ཁང་གིས་ཡུལ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་ཁྲོམ་རའི་དགོས་མཁོར་གཞིགས་ཏེ། ལྗང་མདོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང“མཉམ་ལས་ཁང་དང་ཞིང་དུད་ཟུང་འབྲེལ”གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ་ལེགས་བསྡུས་ཞིབ་གཉེར་དང་གཞི་ཁྱོན་ལྡན་པའི་སྔོ་ཚལ་དང་ཤིང་འབྲས་སོགས་ཞིང་ལས་སྐྱེ་དངོས་བཏབ་ནས། སྔོན་ཐོན་གྱི་ཆུ་ལུད་གཞི་གཅིག་ཅན་གྱི་ཞིང་ཆུ་འདྲེན་གཏོང་ལག་རྩལ་ཁྱབ་གདལ་བཏང་བས། འདེབས་འཛུགས་ལག་རྩལ་དང་ཕན་ནུས་ཆེ་རུ་ཕྱིན་པ་དང་མཉམ་ལས་ཁང་གིས་ཞིང་པ་དང་མཉམ་འབྲེལ་དང་ཞིང་པར་སྣེ་ཁྲིད་བྱེད་པའི་ལེགས་ཆ་ཟམ་མི་ཆད་པར་མངོན་ཞིང་། འདི་ནི་དཔེ་གསར་ཕྱོགས་བསྡུས་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་མི་སྣས་སྔོ་ཚལ་དྲོད་ཁང་དུ་ལས་ཀ་བྱེད་བཞིན་པ།