ཁ་དྲི་ཁ་ན། སྐད་ཆ་ཤོད་དུས་ཁ་སྐྱེངས་པོ་བཟོ་སྲིད་ལ། མི་གཞན་ལ་གཙང་སྦྲ་མི་ལེགས་པའི་བག་ཆགས་ཀྱང་འཇོག་སྲིད། ཡིན་ནའང་། གཤམ་གྱི་ཐབས་དག་ཤེས་པ་ན། ཁ་དྲི་བསལ་ནས་ཁྱེད་ལ་དོན་མེད་ཀྱི་རྙོག་དྲ་བཟོ་མི་སྲིད།
◎ཚ་ལུ་མ།
ཚ་ལུ་མར་ལུད་པ་འགོག་པ་དང་ར་དྭངས་པའི་ནུས་པ་སོགས་མཆིས་ལ། ཁ་དྲི་སེལ་བའི་ནུས་པའང་ཡོད།
◎འོ་མ།
སྒོག་པ་དང་ཙོང་སོགས་བཟས་རྗེས་ཁ་དྲི་ངན་པ་ཁ་སྲིད། འོན་ཀྱང་། འོ་མ་པེ་ཙི་གང་ཙམ་བཏུངས་ན། སྒོག་དྲི་སེལ་ཐུབ་ཀྱི་ཡོད།
◎ཉིང་མོང་།
ཉིང་མོང་ནི་རོ་སྐྱུར་ལ་ཅུང་ཁ་ཏིག་ཁ་བའི་ཤིང་འབྲས་ཤིག་ཡིན་ཞིང་། དེས་ཚ་བ་འཇོམས་ལ་སྐོམ་པ་སེལ་ཐུབ་པ་མ་ཟད། ཁ་དྲི་ཡང་སེལ་ཐུབ་ཀྱི་ཡོད།
◎སྦྲང་རྩི།
གལ་ཏེ་བཙོག་པ་འགགས་པའི་དབང་གིས་ཁ་དྲི་ཁ་བ་ན། སྦྲང་རྩི་མཆོད་དང་། སྦྲང་རྩི་བཏུངས་པས། བཙོག་པ་གཏོང་བདེ་རུ་འགྲོ་བ་མ་ཟད། ཁ་དྲི་ཡང་སེལ་ཐུབ།
◎སྐྱུ་རུ་ར།
སྐྱུ་རུ་རས་ཟས་ཞུ་བ་མ་ཟད། ཕོ་བ་གཙང་སེལ་ཐུབ་པས་ཁ་དྲི་ངན་པ་ངང་གིས་སེལ་འགྲོ་གི་ཡོད།