ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་རང་བྱུང་གི་རི་ཆུ་ནཌ་གསུམ་ལ་བརྟེན་ནས“གཞན་ལ་མེད་པ་རང་ལ་ཡོད་པ་དང་། གཞན་ལ་ཡོད་པ་ལས་རང་ལེགས་པ། གཞན་གྱི་ལེགས་ཀྱང་རང་ལ་དམིགས་བསལ་ཆེ་བ”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། “ཀུང་སི+རྟེན་གཞི+ཞིང་དུད”བཅས་ཀྱི་བྱེད་སྟངས་སྤྱད་དེ། ཁྱད་ལྡན་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་དར་རྒྱས་གཏོང་བའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད། འདི་ནི་ལྷུན་རྩེ་རྫོང་མང་མཚོ་གྲོང་ཚོའི་བོད་བྱ་ནག་པོ་གསོ་ཚགས་མཉམ་ལས་ཁང་གི་ལས་མིས་སྒོ་ང་ཐུམ་སྒྲིལ་རྒྱག་བཞིན་པ།