ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ས་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
གོང་རིམ་ལས་སྒོའི་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད། ཁྲེང་ཀོན་ཆུས་ཀྱིས་ཟླ་9ཚེས་8ཉིན་ནས་བཟུང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ས་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་། ལེགས་སྒྲིག་བྱས་རྗེས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་(དཔལ་སྡིངས་སྨན་ཁང) ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་ནས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པ་ཕུད། དེ་བྱིངས་ཀྱི་སྡེ་ཁུལ་ཁག་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་འཕྲོད་བསྟེན་ཁང་ཁག་གིས་གནས་སྐབས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་མཚམས་འཇོག་རྒྱུ་ཡིན་པ་རེད།
ལེགས་སྒྲིག་བྱས་རྗེས་དུས་འགོའི་སྡེ་ཁུལ་ཁག་གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)དང་ཤང་འཕྲོད་བསྟེན་ཁང་ནས་སྨན་ཁབ་དང་པོ་བརྒྱབ་ཚར་བའི་གྲོང་མིས་རང་ཉིད་དང་ཐག་ཉེ་སའི་གོང་གི་སྨན་ཁང་ནས་ཏོག་གསར་རིམས་འགོག་སྨན་ཁབ་གཉིས་པ་གཟེད་ཆོག
རྒྱ་ཆེའི་གྲོང་མི་རྣམས་པས་གནས་ཚུལ་འདི་ཤེས་པ་བྱས་ནས་ཕན་ཚུན་ལན་སྤྲོད་རོགས།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས།
2021ལོའི་ཟླ་9ཚེས་7ཉིན།