དབུ་ཤོག>གསར་འགྱུར།
  • གཡེར་ཁའི་སིང་སྒྲ་རྒྱང་དུ་གྲགས། སྐྱེ་སྟོབས་གསར་པ་ངང་གིས་བསྐྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-08

    1037504_yis_1631030400000_s.jpg

    འདི་ནི་སྒེར་རྩེ་རྫོང་རྩེ་རུད་ཧྲེང་ཟོག་འགྲེམས་གླིང་ཡིན་པ།

    སྤྱི་ལེ་300ལྷག་ཙམ་གྱི་ཁལ་ལམ་གངས་འཁྱགས་ཀྱིས་བསྡམས་ཤིང་ཐང་རྒོད་དུ་གྲང་རླུང་འུར་འུར་དུ་ལྡང་།

    ཁལ་ཕྱུགས་རུ་ཁག་གི་མདུན་སྐྱོད་ལམ་བུ་འགག་ཀྱང་ཁ་བ་བུ་ཡུག་དྲག་པོའི་ཁྲོད་དཔའ་མི་ཞུམ་པར་སྔར་བཞིན་དེ་ལས་སྒྲོལ་ཐབས་བྱས།

    སྐབས་དེ་དུས་ལམ་རྒྱུད་ཀྱི་འབྲོག་པའི་སྦྲ་གུར་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཏེ་འབྲོག་པ་རྣམས་ཐབ་ཀའི་ཟུར་དུ་མེ་བསྲོ་བཞིན་ཡོད་ཀྱང་། ཁོང་ཚོ་ཁ་བ་བུ་ཡུག་དྲག་པོས་སྦྲ་གུར་འཁྲིས་སུ་བཅར་ཐབས་བྲལ་ནས་གངས་ཀྱི་ཁྲོད་དུ་ལུས།

    དགུན་ཨ་རང་ད་རང་ལ་ནམ་མཁར་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་ཁ་བ་བུ་ཡུག་དྲག་པོས་ས་གཞི་ཡོངས་སུ་བཏུམས། ཡངས་ཤིང་མུ་མཐའ་མེད་ཅིང་ཁ་བ་བུ་ཡུག་གིས་གཙེས་པའི་ཐང་རྒོད་དུ་གཡེར་ཁའི་སྒྲ་དལ་བ་དལ་བུར་གྲགས་འོང་བ་དང་། ཅ་ལག་ལྗིད་པོ་ཁུར་བའི་གཟུགས་བརྙན་མང་དག་ཅིག་ཁ་བ་བུ་ཡུག་ཁྲོད་ནས་རབ་རིབ་ཙམ་མངོན་འོང་། རྔ་མོང་གིས་གངས་མཐུག་པོའི་ཁྲོད་དུ་ལ་ཀླུང་བརྒལ་ཏེ་ཐག་རིང་གི་ཕྱོགས་སུ་མགོ་བོ་བཏེགས་ནས་ཡང་ཡང་ལྟ་བར་བྱེད།

                                                                                                                    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན》ལས་བཏུས།

    མངའ་རིས་ས་ཁུལ་སྒར་རྫོང་ནས་ཐོན་ཏེ་རྒྱལ་ལམ་317བརྒྱུད་ཤར་དུ་རླངས་འཁོར་ལ་ཆུ་ཚོད་6ལྷག་ཙམ་བསྐྱོད་ཚེ། “བྱང་ཐང་གི་ལྟེ་བ། གསར་བརྗེའི་སྒེར་རྩེ”ཞེས་པའི་ཡིག་འབྲུ་ཆེན་པོ་འགའ་མངོན་གསལ་ལྷག་པར་ཆེ།

    1950ལོར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གིས་གྲ་མ་མང་པོར(ད་ཆ་སྒེར་རྩེ་རྫོང་གི་སྔོན་སྐྱོད་ཤང་ཡིན)ཟླ་7བཅའ་སྡོད་བྱས། སྔོན་སྐྱོད་ལེན་ཤོག་ལ་འདི་གར་རྡོག་ཐོན་བྱས་ཚུན་གྱི་དཀའ་ངལ་ཆེ་ཤོས་ཏེ། རྗེས་མཐུད་མཁོ་སྤྲོད་རྒྱུན་ཆད་པའི་གནད་དོན་འཕྲད། ཤིན་ཅང་ཡུས་ཐེན་རྫོང་ནས་བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་གི་གྲ་མ་མང་པོར་སྐྱོད་སྐབས་ཁུ་ནུ་རི་རྒྱུད་ནི་བཙན་འགག་ཅིག་དང་འདྲ་བར་དེའི་དཀྱིལ་དུ་གནས་པས་ཀའོ་ཧྲན་ཏ་པན་བརྒལ་དགོས་ལ། གངས་འཁྱགས་ཀྱིས་བསྡམས་པའི་གངས་རི་ཡང་སྒྲོལ་དགོས། དེ་ལྟར་ཡིན་རུང་ཤིན་ཅང་དམག་ཁུལ་ཁང་གིས་སྔར་བཞིན་སྐྱེལ་འདྲེན་རུ་ཁག་མུ་མཐའ་མེད་པའི་ཁུ་ནུ་རི་བོའི་ཕྱོགས་སུ་མངགས། 1950ལོའི་ལོ་མཇུག་ཏུ་ཤིན་ཅང་དམག་ཁུལ་ཁང་གིས་རྔ་མོང་དང་། བོང་བུ། གཡག་བཅས་མགོ་གྲངས་1700གྲ་སྒྲིག་བྱས་ཏེ་ཟླ་ཕྱེད་ནང་བོད་དུ་ཐེངས་གཉིས་བསྐྱོད་ཀྱང་ཁུ་ནུ་རི་བོ་བརྒལ་ཐུབ་མེད། ཐེངས་གསུམ་པར་ཕྱུགས་རིགས་མགོ་གྲངས་707ལ་འབྲུ་རིགས་དང་། ཚྭ། ལོ་གསར་མཁོ་ཆས་བཅས་རྒྱ་མ་ཁྲི་1.5བཀལ་ནས་ཐོན་ཡང་དཔུང་ཁག་མཐར་གྲ་མ་མང་པོར་སླེབས་སྐབས་ཚྭ་སྤྱི་རྒྱ་1.5དང་བག་ལེབ་7ལས་ལྷག་མེད།

    དུས་ཚོད་ནི་སེ་གོལ་ཏོག་ལྟར་ཡུད་ཙམ་ཞིག་ལ་བགྲང་བྱ་70འདས་ཟིན་ནས་ཕྱུགས་རིགས་ལ་ཅ་ལག་བཀལ་ཏེ་སྐྱེལ་འདྲེན་བྱེད་པ་མཐོང་ལམ་ནས་ཡལ་ཟིན་ཡོད་ལ། གཡེར་ཁའི་སྒྲའང་རིམ་གྱིས་རྒྱང་དུ་འགྱེད་ཟིན། གསར་བརྗེའི་ས་གཞི་སྒེར་རྩེར་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱས་རྗེས་སྐྱེ་སྟོབས་ཀྱི་གསོན་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཏེ་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་ནས་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་སྒེར་རྩེ་རྫོང་གི་འགྲིམ་འགྲུལ་གྱི་ས་བབ་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་སྟེ་མངའ་ཁོངས་ནང་རྫོང་ཁོངས་ཚང་མར་ཁྱབ་པའི་ཞིང་ཆེན་ལམ་བུ་ཁག་དང་མངའ་རིས་ས་ཁུལ་དུ་བསྐྱོད་སའི་རྒྱལ་ལམ་219ཡོད་པ་མ་ཟད། ད་དུང་ནག་ཆུར་ཐད་ཀར་བསྐྱོད་སའི་རྒྱལ་ལམ་317དང་ཤིན་ཅང་དང་སྦྲེལ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་ཆེ་མོའང་ཡོད།

    སྒེར་རྩེ་རྫོང་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས་དོན། རྩེ་རུད་ཧྲེང་ཟོག་འགྲེམས་གླིང་གི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་4994.04བཏང་བ་དང་2019ལོའི་ཟླ་5པར་སྤྱོད་འགོ་ཚུགས་ཡོད། ཟོག་འགྲེམས་གླིང་ནི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་དང་། མཛོད་ཉར་ཞབས་ཞུའི་ཁུལ། རླངས་འཁོར་ཉམས་བཟོའི་ཁུལ་བཅས་གསུམ་ལས་གྲུབ་པ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་25000དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་10000ཙམ་ཟིན་གྱི་ཡོད།

    ཟོག་འགྲེམས་གླིང་དེ་ནི་སྒེར་རྩེ་རྫོང་གི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། དེ་གར“དབུལ་སྐྱོར་ཀུང་སི་ཅན་གྱི་དོ་དམ་དང་། ཕྱོགས་གསུམ་པས་བོགས་མར་བླངས་ནས་གཉེར་སྐྱོང་། མཉམ་ལས་ཁང་གིས་ཞབས་ཞུ་སྐུལ་ཁྲིད་དུད་ཚང་དབུལ་པོ་ལས་ཞུགས”བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་ནས་ཁེ་ལས་དོ་དམ་གྱི་ཉམས་མྱོང་དང་ཡུལ་དེའི་དབུལ་སྐྱོར་བྱ་གཞག་ཕན་ཚུན་འབྲེལ་མཐུད་བྱས་ཏེ་ཀུང་སི་བཙུགས་པའི་ཉིན་ནས་བཟུང་ལོ་ལྟར་ཡོང་འབབ་ཁེ་གཙང་གི་80%རྫོང་དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་པར་སྤྲད་དེ་སྒེར་རྩེ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    ཟོག་འགྲེམས་གླིང་དེར་སྐྱོད་སྐབས་ཨར་འདམ་བཏིང་བའི་ས་ཆ་ཆེན་པོ་ཞིག་མིག་ལམ་དུ་འཆར་བ་དང་དེའི་མཐའ་འཁོར་དུ་བསྡུ་འགྲེམས་མཛོད་ཁང་མང་པོ་ཡོད་པ་དང་མཛོད་ཁང་ཚང་མའི་ནང་ཚོང་ཟོག་འདྲ་མིན་སྣ་ཚོགས་བཅུག་ཡོད་ཅིང་། འགའ་རེ་འཛུགས་སྐྲུན་གྱི་རྒྱུ་ཆ་དང་། ལ་ལ་ཞིང་འབྲོག་ཐོན་རྫས། ཁག་གཅིག་འཛིན་ཆས་གློག་ཆས་དང་ལག་ཤེས་ཐོན་རྫས་ཆུང་གྲས་དང་ད་དུང་འཚོ་བའི་མཁོ་ཆས་སྣ་ཚོགས་འདུག ངོ་སྤྲོད་བྱས་པར་གཞིགས་ན། མི་རིང་བར་གྲང་ཕྲེང་ཉར་ཚགས་མཛོད་ཁང་ཆེ་གྲས་ཤིག་སྤྱོད་ཉེར་ཡོད། དེ་ནས་སྔོ་ཚལ་དང་ཤིང་ཏོག་སོས་པ་དང་མཚོ་ཟས་སོགས་ནང་འདྲེན་བྱས་ནས་སྒེར་རྩེ་རྫོང་གི་མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་ཡོང་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ།

    ཟོག་འགྲེམས་གླིང་གི་འགན་འཁུར་བས་ང་ཚོར་བརྗོད་དོན། གནམ་གཤིས་སོགས་ཀྱི་རྐྱེན་པས་སྒེར་རྩེ་རྫོང་གི་ཟོག་འགྲེམས་དེ་འབེལ་དུས་དང་དཀོན་དུས་གཉིས་སུ་དབྱེ་ཡོད། འབེལ་དུས་ནི་ཟླ་4པ་ནས་10པའི་བར་ཏེ་རླངས་འཁོར་འགྲོ་འོང་བྱེད་མང་བའི་དུས་ཚོད་དེ་རེད། དཀོན་དུས་སུའང་མཛོད་ཉར་བྱེད་ཚད་ངེས་ཅན་ཞིག་འགན་ལེན་བྱས་ཏེ་རྫོང་ཡོངས་ཀྱི་གྲོང་མི་ཁྲི་3ཙམ་གྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་ཀྱི་ཡོད།

    འདི་ལོ་ལོ་21ལ་སླེབས་པའི་མིག་དམར་འབྲུག་སྒྲོན་མཐོ་རིམ་སློབ་འབྲིང་ཐོན་རྗེས་ཟོག་འགྲེམས་གླིང་གི་གསོལ་མགྲོན་ཁང་དུ་ལས་ཀ་བྱེད་པར་བསྐྱོད་ཡོད། ཁོང་གིས་ང་ཚོར་ང་རང་སོ་སོས་དགའ་བའི་ལས་ཀ་བྱེད་འདོད་འདུག ད་ཆ་ལས་ཀའི་ཉམས་མྱོང་གསོག་ཐུབ་པ་དང་ཆབས་ཅིག་ཁྱིམ་གྱི་འགྲོ་སོང་ཡང་གསོག་ཐུབ་ཀྱི་འདུག་ཅེས་བརྗོད་བྱུང་།

    “སྒེར་རྩེ་རྫོང་ཟོག་འགྲེམས་གླིང་གི་རྣམ་གྲངས་ལེགས་གྲུབ་ཟིན་པ་དེས་མང་ཚོགས་ལས་ཞུགས་དང་འབབ་འཕར་གྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། སྒེར་རྩེ་རྫོང་གི་སླད་ཕྱིན་གྱི་འཕེལ་རྒྱས་ལའང་གོ་སྐབས་དང་མཐུན་རྐྱེན་དེ་བས་མང་བ་བསྐྲུན་ཡོད”ཅེས་སྐལ་བཟང་ནོར་བུས་རྣམ་གྲངས་དེར་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བརྗོད་པ་དང་ཆབས་ཅིག་ང་ཚོར་ཤིན་ཅང་དུ་སྐྱོད་སའི་གཞུང་ལམ་བསྐྲུན་རྗེས་བོད་བྱང་ཐང་གི་ཟོག་འགྲེམས་ལྟེ་གནས་དང་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་སྒེར་རྩེའི་གནས་བབ་སྔར་བས་མཐོ་རུ་འགྲོ་ངེས་རེད་ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།