དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་ཁེ་ལས་12ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-07

    ཟླ་9ཚེས་2ཉིན། 2021ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་པེ་ཅིང་དུ་འཚོགས་ཤིང་། རང་ལྗོངས་ཀྱི་ཁེ་ལས་12ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་ཞུགས་ནས“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤུས་རྟགས་ཁྱབ་གདལ་བཏང་བ་རེད།

    སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་བོད་ལྗོངས་འགྲེམས་ཁང་གིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་སྐོར། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་འགྲེམས་སྟོན་བྱས་པ་དང་། རང་ལྗོངས་ཀྱི་འགྲེམས་ཞུགས་ཁེ་ལས་ཀྱིས་གཙོ་གནད་ཐོག་ཚོང་རྟགས་གྲགས་ཅན་ལ་སྐུལ་འདེད་དང་། བྲིན་ཚོང་ལ་སྐུལ་འདེད། ཞབས་ཞུར་སྐུལ་འདེད། སྤེལ་རེས་ལ་སྐུལ་འདེད། མཉམ་ལས་ལ་སྐུལ་འདེད་བཅས་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས། བོད་ཀྱི་གྲགས་ཅན་ཚོང་རྟགས་དང་ཞབས་ཞུའི་ལས་རིགས་དྲིལ་བསྒྲགས་ངོ་སྤྲོད་དང་། ཞིང་འབྲོག་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་བ། ནང་འདྲེན་ཉོ་སྒྲུབ་ཀྱི་ངོ་འཕྲད་གྲོས་མོལ་བྱེད་པ་སོགས་ཀྱི་དཔལ་འབྱོར་ཚོང་དོན་གྱི་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།