དབུ་ཤོག
  • ཚད་གཞི་དེ་དག་ལས་ཁྱེད་ཀྱི་གཟུགས་པོ་བདེ་མ་ཐང་མ་ཡིན་མིན་ཤེས་ཐུབ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-09-06

    གང་འདྲ་བྱས་ན་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་ཐུབ་བམ་ཞེ་ན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་དབྱེ་ཞིབ་བྱས་ནས་ཞིབ་ཕྲའི་ཚད་གཞི་བཅུ་ཕྱོགས་བསྡོམས་བྱས་པ་གཤམ་གསལ།

    1.ལས་ཀ་གང་བྱས་ཀྱང་སེམས་ཤུགས་ངེས་ཅན་ལྡན་དགོས་ཤིང་། རྒྱུན་གཏན་གྱི་འཚོ་བ་དང་ལས་ཀར་དཀའ་ངལ་འཕྲད་སྐབས་འཚབ་འཚུབ་དང་དངངས་སྐྲག་མ་བྱས་པར་ཁ་གཏད་ཡག་པོ་གཅོག་ཐུབ་པ། 

    2.གནད་དོན་ཐག་གཅོད་བྱེད་སྐབས་ཡག་པའི་ཕྱོགས་སུ་བསམ་བློ་གཏོང་ཐུབ་པ་དང་དེར་འགན་འཁྲི་ཡག་པོ་འཁུར་བ།

    3.ངལ་གསོ་ངེས་ཅན་བརྒྱབ་པ་དང་དུས་ཐོག་ཏུ་གཉིད་ཁུག་པ།

    4.བབ་བསྟུན་གྱི་ནུས་པ་ཡག་པོ་ཡོད་པ་དང་གནས་ཚུལ་གང་ཡིན་རུང་དེ་དང་འཚམ་པའི་ཐབས་ཇུས་འདོན་མཁས་པ། 

    5.རྒྱུན་གཏན་གྱི་ཆམ་ནད་དང་འགོས་ནད་ལ་སྔོན་འགོག་ཡག་པོ་བྱེད་ཐུབ་པ།

    6.གཟུགས་པོའི་ལྗིད་ཚད་ཚད་དང་མཐུན་པ་དང་གཟུགས་པོའི་བོངས་ཚད་ཆ་སྙོམས་པོ་ཡོད་པ།

    7.སོ་གཙང་ཞིང་རུལ་པ་མེད་པ་དང་སོ་རྙིལ་དམར་མདངས་རྒྱས་ལ་ཁྲག་མི་དོན་པ།

    8.སྐྲ་གནག་ཅིང་སྣུམ་པ་དང་། སྐོགས་ལྤགས་མེད་པ།

    9.པགས་པ་མཉེན་ཞིང་འཇམ་ལ་གོམ་པ་ཡང་ཤ་དོད་པོ་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།