དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ཡུལ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-03

    ཀ་ལ་གྲོང་ཚོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་7ཚེས་21ཉིན་རྟོག་ཞིབ་གནང་བའི་གྲོང་ཚོ་རེད་ལ། ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཡུལ་ཞིག་ཀྱང་རེད།

    ཀ་ལ་གྲོང་ཚོར་བོད་བཟོའི་ཁང་པ་རེ་རེ་སྔོ་ཞིང་དྭངས་བའི་ནམ་མཁའ་དང་སྒང་གཤོང་མུ་སྦྲེལ་གྱི་རི་ཚོགས་ཀྱི་རྒྱན་སྤྲོས་འོག་ལྷག་པར་མཛེས་སྡུག་ལྡན་ཞིང་། གྲོང་ཚོའི་ནང་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་དར་སྤེལ་བཏང་ཡོད། 2020ལོར་ཀ་ལ་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1115.09ཟིན་ནས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.13ཟིན་ཡོད།

    ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པའི་བསྡུས་རིས་ཤིག་རེད། ཡུལ་དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ཡུལ་ཞིག་རེད་ཅེས་གསུངས་ཡོད།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། འདི་ཉིད་ཉི་འོད་དང་སྦྲང་ཆར་ལྟར་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་བསྐྱངས་ཡོད།

    མི་རིགས་མཐུན་སྒྲིལ་གྱི་ས་བོན་ལོ་ངོ་སྟོང་ཕྲག་གོང་ནས་བཏབ་ཡོད།

    “གནམ་འོག་ཏུ་ཐག་རིང་གི་ས་ཆ་མེད། མི་ཡུལ་དུ་གང་སར་ཕ་ཡུལ་རེད” ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་བུམ་པ་རིའི་གཤམ་དུ《འུན་ཤིང་ཀོང་ཇོ》བོད་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་འཁྲབ་སྟོན་བྱས་ནས་ལོ་དགུ་སོང་ཡོད། དེའི་རིང་ལོ་ངོ་1300གོང་གི་འུན་ཤིང་ཀོང་ཇོའི་ཞབས་རྗེས་འདེད་ནས་རྒྱ་བོད་འཆམ་མཐུན་གྱི་མི་སེམས་འགུལ་བའི་སྙན་རྩོམ་ཡང་ནས་ཡང་དུ་འཁྲབ་སྟོན་བྱས་ཡོད།

    འབྲི་རུ་རྫོང་ཚ་ཆུ་ཤང་གི་རྒྱལ་མོ་རྔུལ་ཆུའི་འུན་ཤིང་ཀོང་ཇོའི་ཐང་ཆེན་ཐོག་གི་ལྡེབས་རིས་བརྐོས་བརྙན་ལས་འུན་ཤིང་ཀོང་ཇོས་འཁྲིད་ཕེབས་པའི་ལག་ཤེས་པས་ས་གནས་དེ་གའི་མི་སེར་ལ་ཞིང་ནང་སྐྱེ་དངོས་འདེབས་འཛུགས་བྱེད་སྟངས་སློབ་པ་དང་སོ་ནམ་ཡོ་བྱད་ལེགས་སུ་བཏང་བའི་ལོ་རྒྱུས་དངོས་མཚོན་རྣམ་པ་བཀོད་ནས་རྒྱ་བོད་མཛའ་མཐུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།

    མི་རིགས་མཐུན་སྒྲིལ་གྱི་ས་བོན་ལོ་ངོ་སྟོང་ཕྲག་གོང་ནས་བཏབ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཇི་ལྟར་བརྗོད་ཀྱང་ཉམས་མི་སྲིད།

    《ལྷོ་རོང་རྫོང་གི་གནས་བཤད》ནང་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་སྐབས་སུ་བོད་སྐྱོད་ཆིང་དམག་ཉིས་སྟོང་ལྷག་ཙམ་ཤོ་པ་མདོ་གྲོང་རྡལ་དུ་བཅའ་སྡོད་བྱས། དེ་རྗེས་རྒྱ་རིགས་དམག་མི་ཁ་ཤས་དང་ས་གནས་དེ་གའི་བོད་རིགས་གྲོང་མི་ཕན་ཚུན་ཁྱིམ་ཐབ་འཛིན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོ་པ་མདོ་གྲོང་རྡལ་ནས་དར་ཡོད་ཅེས་འཁོད་ཡོད།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི“ལམ་གཉིས”སྙིང་སྟོབས་དྲན་གསོ་ཁང་དུ་ཡི་གེ་དང་པར་རིས་རེ་རེ་བརྟེན་ནས་བཅིངས་འགྲོལ་དམག་མིས་དཔུང་སྐྱོད་བྱེད་ཞོར་དུ་ལམ་བཟོས་པའི་དཀའ་སྤྱད་ལོ་རྒྱུས་བཀོད་ཡོད། རྟེན་གཞི་དེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཁག་དྲུག་པ་ཞེས་མིང་བཏགས་ཡོད།

    ལོ་རྒྱུས་ཀྱི་དཔྱད་ཡིག་ནང་ལམ་སྐྲུན་དམག་ཆེན་གྱིས་གཡང་གཟར་འཛེགས་པ་དང་། གཙང་ཆེན་བརྒལ་བ། ཁུ་ནུ་རི་བོ་བརྒྱབ་པ་བཅས་བྱས་ནས་རང་བྱུང་འགག་བཙན་མང་པོ་ལས་རྣམ་པར་རྒྱལ་ཏེ་སྔོན་གཤེགས་དཔའ་བོ་3000ལྷག་ཙམ་གྱིས་ས་མཐོར་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། 1954ལོའི་ཟླ་12ཚེས་25ཉིན་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་བོད་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་བོད་ཀྱི་འགྲིམ་འགྲུལ་གྱི་དུས་རབས་གསར་པ་བཏོད་ཡོད།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ང་ཚོ་ཚང་མས་གསོས་པ།

    བོད་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཡུལ་ཞིག་རེད། བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་45ཡོད་པ་དང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་མི་འབོར་གྱི་90%ཡན་བཟུང་ཡོད། ཉ་ཆུ་ལྟ་བུའི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་སྔ་ས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་སུ་ཚུགས་ཡོད།

    1990ལོར་རང་ལྗོངས་ཀྱིས་ལོ་རེའི་ཟླ་9པ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་ཡོད། ལོ་30ཡི་རིང་། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་བཞིན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཀྲུང་དབྱང་འཐུས་མི་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་འཁོད་པའི་རྟེན་འབྲེལ་སྒོ་བན་བསྣམས་ཡོད། ནང་དོན་ཟབ་པའི་རྒྱ་ཡིག་ཡིག་འབྲུ་12གངས་རི་རྩྭ་ཐང་དང་གྲོང་ཁྱེར་གྲོང་གསེབ་ལ་ཡོངས་སུ་ཁྱབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས”ཞེས་གཏིང་ཟབ་བསྟན་ཡོད། འདི་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་བཅོས་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་བྱས་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་རེད།

    2016ལོའི་ཟླ་12ཚེས་19ཉིན་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར”གྱི་མིང་བཏགས་པ་རེད།

    མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་དཔེ་མཚོན་འབོར་ཆེན་གསོ་སྐྱོང་དང་འཚོལ་བསྡུ་ཧུར་ཐག་བྱས་ཏེ་མི་ཚང་མས་སྔོན་ཐོན་ལ་སློབ་སྦྱོང་དང་མི་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    མི་རིགས་མཐུན་སྒྲིལ་ལ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པ།

    དེ་གོང་། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་གློག་རླངས་ཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་དུས་གཅིག་ཏུ་བེད་སྤྱོད་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་མཚོ་བོད་ས་མཐོར་ཐེངས་དང་པོ་བཏང་བ་དང་། “བསྐྱར་དར་རྟགས་ཅན”ལོ་རྒྱུས་རང་བཞིན་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཁྱོན་ཡོངས་ནས་ཁྱབ་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། “མཁའ་ལམ”འདི་འཛུགས་སྐྲུན་བྱེད་རིང་མི་རིགས་ཁག་གི་འཛུགས་སྐྲུན་པ་ཁྲི་13ཙམ་སྔ་རྗེས་སུ་ཞུགས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་དུ་ཐོན་སྐྱེད་དང་ངལ་རྩོལ་བྱེད་པའི་རྣམ་པ་དུས་སྐབས་ཤིག་རིང་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    གལ་སྲིད་སྤེན་པ་ཚེ་རིང་སྒོ་འགྲམ་གྱི“ཕྱུག་འགྱུར་ཐབས་ལམ”ལས་མི་རིགས་མཐུན་སྒྲིལ་གྱི་གཟུགས་བརྙན་མངོན་ཡོད་ཟེར་ན། ཐག་རིང་མེས་རྒྱལ་ས་ཁུལ་ཁག་གི་ནང་སའི་བོད་ལྗོངས་འཛིན་གྲྭ་ལའང་མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བསྡུས་ཡོད་ཅེས་བརྗོད་ཆོག

    ལོ་30ལྷག་ཙམ་གྱི་གོང་། ཀྲུང་དབྱང་གི་རླབས་ཆེན་གསར་གཏོད་བྱ་ཐབས་གཅིག་ལས་བོད་ལ་དམིགས་གསལ་གྱི་སློབ་གསོའི་སྲིད་ཇུས་ཆེད་མངགས་བཟོས་པ་སྟེ། ནང་སར་བོད་ལྗོངས་འཛིན་གྲྭ་བཙུགས་པ་དེས་བོད་ཀྱི་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པ་གསོ་སྦྱོང་བྱས་ཡོད་ལ། བོད་ཀྱི་འཕེལ་རྒྱས་ལ་ཤེས་རིག་གི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཆེན་པོ་ཡང་བྱས་ཡོད།

    སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་བཙུགས་པའི་བོད་ལྗོངས་འཛིན་གྲྭར་དགེ་རྒན་གྱིས་སློབ་མར་སེམས་ཁུར་བྱེད་པ་དང་སློབ་མ་ཕན་ཚུན་འཆམ་མཐུན་རོགས་རེས་བྱེད་པའི་སྲོལ་བཟང་ལ་ཐོག་མཐའ་བར་གསུམ་དུ་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། 2013ལོར་ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་ད་ཆའི་བར་བདེ་བླག་ངང་སྐབས་7གཉེར་བ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)20ཡི་ནང་སའི་བོད་ལྗོངས་འཛིན་གྲྭ་20ལྷག་ཙམ་གྱི་སློབ་མ་ཁྲི་ལྷག་ཙམ་ལ་ཁྱབ་ཡོད།

    ཟིལ་རླབས་དགུང་འཕྱུར་གྱི་ལོ་ངོ་70དང་གྲུབ་འབྲས་ཐོབ་པའི་ལོ་ངོ་70ཡི་རིང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག མི་རིགས་ཁག་གི་མི་དམངས་ཀྱིས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བྱས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རིང་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་རེ་རེ་བརྩམས་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་བཟང་རེ་རེ་བཏོད་པ། ཐུན་མོང་དར་རྒྱས་གོང་འཕེལ་གྱི་རླབས་ཆེན་བྱས་རྗེས་རེ་རེ་བཞག་ཡོད།

    འདི་ལོའི་ཟླ་5ཚེས་1ཉིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ནས་ལོ་གཅིག་འཁོར་ཡོད།

    ད་ཆ། ས་མཐོའི་ས་གཞི་ཆེ་མོར་མཐུན་སྒྲིལ་གྱི་རོལ་དབྱངས་ཕྱོགས་ཡོངས་ནས་དཀྲོལ་བ་དང་། ཞི་མཐུན་གྱི་བརྗོད་དོན་དེ་བས་སྙན་འཇེབས་ལྡན་པ་ཞིག་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་། སེམས་པ་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།